MS Word 7,10 ནང་དབྱིགས་དང་འདྲ་པར་སྐོར་བ་བརྒྱབ་ཐབས།

དྲི་བ། རྒན་ལགས་འཚམས་འདྲི་ཞུ་རྒྱུ་དང་སྦྲགས་དྲི་བ་ཞིག་ཞུ་རྒྱུ་ཡོད། ms word 7,10 སོགས་ནང་དབྱིགས་སམ་shape ནང་ཡོད་པའི་འདྲ་པར་དེ་རང་འདོད་ལྟར་སྐོར་བ་བརྒྱབ་rotateཐུབ་ཀྱི་མི་འདུག་གལ་སྲིད་དབྱིབས་དེ་སྐོར་བ་བརྒྱབ་ན་པར་དེ་ག་རང་སྡོད་པ་ལས་འཁོར་མི་ཐུབ་པ་ཡོང་བཞིན་འདུག་ལགས་ན་དེ་དོན་ཐབས་ཤེས་ཤིག་གསུང་རོགས། ཐུགས་རྗེ་ཆེ།
stanchup ནས།

ལན།

དབྱིབས་ཞིག་གི་ནང་དཔར་འཇོག་རྗེས། copy བྱས། དེ་་ནས་ Paste Special ནས་ Paste as Image འདེམས་དགོས། གཤམ་གྱི་དཔེ་མཚོན་ལ་གཟིགས། དེ་ལྟར་བྱས་ནས་གོང་གི་དབྱིབས་དེའི་འདྲ་བཤུས་གསར་པ་ཞིག་བཟོ་ངེས་རེད། འདྲ་བཤུས་གསར་པ་དེ་སྐོར་བ་བརྒྱབ་ཐུབ་པ་ཆགས།

ཞོར་འཕྲོད་དུ་ཞུ་རྒྱུ་ཞིག་ནི། དབྱིབས་དང་། བཟོ་དབྱིབས་དེ་དག་ཆ་ཚང་ PowerPoint ནང་བཟོ་ཐུབ་ན་སྟབས་བདེ་བ་འདུག PowerPoint ནང་བཟོས་ཚར་ན་ Copy བྱས་ནས་ Word དང་དེ་མིན་གྱི་མཉེན་ཆས་གཞན་གྱི་ནང་ཐད་ཀར་བཤུ་ (paste) ན་ཡག་པོ་འདུག དཔེར་ན། གོང་གི་དཔེ་རིས་དེ་ཡང་ངས་དང་ཐོག་ powerpoint བེད་སྤྱོད་ནང་བཟོ་བ་བཞིན།

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག