སྨོན་ལམ་ཚིག་མཛོད་ཆེན་མོ་ཀུ་ཤུའི་གློག་ཀླད་ཆེད་ཕབ་ལེན།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནས་རིན་མེད་འགྲེམས་སྤེལ་བྱས་པའི་གསོག་སྡེར་མཉམ་དུ་ཡོད་པའི་མཉེན་ཆས།

ཕབ་ལེན་ཡིག་ཆེའི་ཁུངས་སུ་ཀུ་ཤུའི་གློག་ཀླད་ནང་ཇི་ལྟར་སྒྲིག་འཇུག་ལེགས་པོ་བྱེད་དགོས་མིན་གསལ་པོ་སློབ་སྟོན་ཡིག་ཆ་ PDF བྱས་པ་ཞིག་ཡོད། སློབ་སྟོན་ལྟར་བྱས་ན་འགྲིག་གི་འདུག

སྨོན་ལམ་ཚིག་མཛོད་ཆེན་མོ་སྐར་ཁུང་ཆེད་དགོས་ན། འདི་ནས་ཕབ་ལེན་གནང་།
སྨོན་ལམ་ཚིག་མཛོད་ཆེན་མོའི་ཕབ་ལེན་དྲ་ཚིགས་ཨ་མ་ནི། http://www.monlamgrandtibdic.com/
ཡིག་ཆ་ཆེ་ཆུང་། 51.6mb

Comments

  1. ཕབ་ལེན་བྱས་ཟིན་པ་དང་སྒྲིག་འཇུག་ཀྱང་ལེགས་གྲུབ་བྱུང་། ཡིད་གང་མ་གང་ཞིག་ལ་ཀུ་ཤུ་གློག་ཀླད་imac ནང་དུ་སྐར་ཁུང་བཞིན་མཉེན་ཆས་རང་མཚན་པ་བཟོས་མིན་འདུག ཀུ་ཤུ་གློག་ཀླད་རང་ཉིད་ཀྱི་ཚིག་མཛོད་ནང་ནས་འཇུག་དགོས་སྟབས་སྐར་ཁུང་ནང་གི་ཚིག་མཛོད་བཞིན་སྡེ་ཚན་དབྱེ་དགར་དང་སྐད་གདངས་སོགས་གང་ཡང་མི་འདུག མཉེན་ཆས་རང་མཚན་པ་བཟོ་མི་ཐུབ་པ་ཡིན་ནམ།

    ReplyDelete
    Replies
    1. བསོད་ནམས་དཔལ་ལྡན་ལགས། ངས་ཀུ་ཤུའི་མཉེན་ཆས་དེ་བླུགས་མེད། ཡིན་ནའི་སྨོན་ལམ་གྱི་མཉེན་ཆས་སྒྲིག་བཅུག་ཇི་ལྟར་བྱེད་དགོས་མིན་གྱི་ཡིག་ཆ་དེར་ལྟ་སྐབས་ཕལ་ཆེད་སྐར་ཁུང་མཉེན་ཆས་ནང་ལྟར་མེད་པ་བཟོ་འདྲ་བོ་འདུག །ང་ནི་གཙོ་བོ་སྐར་ཁུང་སྤྱད་མཁན་ཞིག་ཡིན་ཙང་ཀུ་ཤུའི་མཉེན་ཆས་དེ་ཚོད་ལྟ་བྱེད་ས་མ་རགས། ཁྱེད་ནས་ཚོད་ལྟ་བྱས་ཟིན་འདུག་པས། དེར་བརྟེན་མཉེན་ཆས་དེ་སྒྲིག་འཇུག་བེད་སྤྱོད་བྱེད་པའི་རྒྱུད་རིམ་དང་། ཀུ་ཤུའི་ཆེད་དུ་བཟོས་པའི་སྨོན་ལམ་ཚིག་མཛོད་ཆེན་མོའི་སྐོར་གྱི་བསམ་ཚུལ་དང་། དགེ་སྐྱོན་འཁོད་པའི་རྩོམ་ཡིག་ཞིག་འབྲི་ན་ཧ་ཅང་ཡག་པོ་ཡོང་ས་རེད་སེམས།

      Delete

Post a Comment

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག