སྨོན་ལམ་ཚིག་མཛོད་ཆེན་མོ་སྐར་ཁུང་ཆེད་ཕབ་ལེན།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནས་རིན་མེད་འགྲེམས་སྤེལ་བྱས་པའི་གསོག་སྡེར་མཉམ་དུ་ཡོད་པའི་མཉེན་ཆས།

སྨོན་ལམ་ཚིག་མཛོད་ཆེན་མོ་སྐར་ཁུང་ནང་སྒྲིག་འཇུག་ཟིན་པ་དང་། ཁ་ཐོག་མར་ཕྱེ་བའི་སྐབས། དུས་ཡུན་སྐར་ཆ་ ༡༠ ཙམ་འགོར་གྱི་འདུག

མཉེན་ཆས་དེའི་སྤྱིའི་རྣམ་པ་གཙང་ལ་ཁ་གསལ་པོ་འདུག། ཚིག་བཀོད་པ་དང་དེའི་འགྲེལ་བཤད་མི་འདྲ་རྣམས་ཨང་རིམ་བཀོད་ཡོད་པ་དང། ཚིག་གི་སྐད་གདངས་ཉན་རྒྱུ་ཡོད་པ། ཚིག་ག་གེ་མོ་དེ་མིང་ཚིག་གམ་བྱ་ཚིག་ཡིན་མིན། བྱ་ཚིག་ལ་བྱེད་འབྲེལ་ཡིན་མིན་དབྱེ་བ་ཤར་རྒྱུ་འདུག

ཚིག་མཛོད་འདིའི་ནང་སྡེ་ཚན་ཁ་ཤས་བཀོད་འདུག དཔེ་རིས་ལ་གཞི་བཞག་སྟེ་མིང་ཚིག་ཤར་རྒྱུ་ཡོད་པ་གཤམ་དུ་དཔེ་མཚོན་དུ་བཞག་ཡོད།

སྡེ་ཚན་གཞན་ཞིག་ནི་ལོ་རྒྱུས་དང་འབྲེལ་བའི་དུས་ཚིགས་གལ་ཆེན་རྣམས་རབ་ལོ་དང་ཕྱི་ལོའི་ནང་བལྟ་རྒྱུ་ཡོད་པ་བཟོས་འདུག །འདི་ནི་རྒྱལ་རབས་ལོ་རྒྱུས་ལ་ཉམས་ཞིབ་བྱེད་མཁན་ཚོར་ལོ་ཚེས་དང་འབྲེལ་བའི་མགོ་རྙོག་གི་ཞིབ་བསྡུར་བྱེད་མི་དགོས་པ་བཟོས་པ་དང་གཅིག་མཚུངས་རེད་དྲན།

དེ་ནས་སྡེ་ཚན་མཐའ་མ་གཅིག་ཡོད་པ་ནི། རྒྱུན་ཤེས་ཟེར་བའི་ཁ་བྱང་འོག་ཚིག་ཕྲད་ཀྱི་རེའུ་མིག་དང་། ཡི་གེའི་སྐྱེ་གནས། ཡི་གེའི་ཕོ་མོ་མ་ནིང་། ཟླ་སྐར་ཚེས་སྦྱོར་གྱི་རེའུ་མིག་སོགས། གལ་གནད་ཀྱི་དཔེ་རིས་མང་པོ་ཞིག་བསྡུས་འདུག

སྨོན་ལམ་ཚིག་མཛོད་ཆེན་མོ་སྐར་ཁུང་ཆེད་དགོས་ན། འདི་ནས་ཕབ་ལེན་གནང་།
སྨོན་ལམ་ཚིག་མཛོད་ཆེན་མོའི་ཕབ་ལེན་དྲ་ཚིགས་ཨ་མ་ནི། http://www.monlamgrandtibdic.com/
ཡིག་ཆ་ཆེ་ཆུང་། 193mb

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག