སྨོན་ལམ་ཚིག་མཛོད་ཆེན་མོ་ཀུ་ཤུའི་ཁ་པར་ཆེད་ཕབ་ལེན།


ལོ་མང་གསོག་འཇུག་དང་ངལ་བ་ཁྱད་གསད་ཀྱིས་བསྒྲུབས་པའི་སྨོན་ལམ་ཚིག་མཛོད་ཆེན་མོ་འདོན་ཐེངས་དང་པོ་དེ་དེ་རིང་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༨ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་གྱ་སྟོན་དང་ལྷག་པར་དུ་དགེ་ལུགས་ཡོངས་ཀྱིས་བཀའ་དྲིན་རྗེས་དྲན་དང་ཆོས་འཕྲིན་མཛད་སྒོ་དང་སྟབས་བསྟུན་དབུ་འབྱེད་གནང་ཡོད། སྨོན་ལམ་ཚིག་མཛོད་གསར་མ་འདི་ནང་ཡིག་འབྲུ་འབུམ་གཅིག་ལྷག་ཡོད་པ་དང་དེ་དག་ལ་བོད་དབྱིན་ཀྱི་ལམ་ནས་འཚོལ་བཤེར་དང་བོད་དབྱིན་གྱི་འགྲེལ་བཤད་ཀློག་ལྟ་ཧ་ཅང་བདེ་པོ་བཟོས་འདུག །དེང་བོད་དབྱིན་སྐད་གཉིས་ལ་སྦྱང་བརྩོན་གནང་མཁན་གྱི་བོད་རིགས་དང་ཕྱི་རྒྱལ་བ་དང། བོད་ཀྱི་རིག་གནས་ལ་དོ་གཉེར་དང་། ཞིབ་འཇུག་བྱེད་མཁན་ཀུན་ལ་མཉེན་ཆས་འདི་ནི་མེད་ན་མེད་ཐབས་ཅན་ཞིག་ཏུ་མཐོང་།

ད་རེས་ཀྱི་ཚིག་མཛོད་འདིའི་ནང་དམིགས་བསལ་གྱི་ཁྱད་ཆོས་ཁ་ཤས་ཁ་སྣོན་བྱེད་ཡོད། དཔེར་ན།

  • ཚིག་འབྲུ་བུམ་གཅིག་ལྷག་ཙམ་ཡོད་པ། དེ་དག་བོད་ཡིག་མིང་ཚིག་ལ་བོད་ཡིག་གི་ཚིག་འགྲེལ་དང། བོད་ཡིག་མིང་ཚིག་ལས་དབྱིན་ཡིག་གི་ཚིག་འགྲེལ། དབྱིན་ཡིག་མིང་ཚིག་ལས་བོད་ཡིག་གི་ཚིག་འགྲེལ་ཤར་རྒྱུ་ཡོད་པ།
  • ཚིག་འགྲེལ་ནང་གི་ཚིག་ཁ་ཤས་ཀྱི་དོན་མ་རྟོགས་ན་ཚིག་འདི་རང་ལ་བསྐྱར་དུ་ཚིག་འགྲེལ་ཤར་རྒྱུ་ཡོད།
  • མཉེན་ཆས་ལས་ཡིག་ཆའི་ལྗིད་ཚད་ཆུང་བ། ཕབ་ལེན་གནང་ན་ 18.9mb ལས་མེད།
  • ཉེ་དུས་མིང་ཚིག་འཚོལ་བཤེར་བྱས་པ་དེ་དག་ཉར་ཚགས་དང་གཙང་གསུབ་བྱེད་རྒྱུའི་མཐུན་རྐྱེན་ལྡན་ཡོད།
  • མིང་ཚིག་དང་འགྲེལ་བཤད་་ཀྱི་ཡིག་འབྲུ་ཆེ་ཆུང་གཏོང་རྒྱུ་ཡོད། དེ་ནི་གཙོ་བ་རང་ཉིད་ལ་ཀློག་བདེ་རུ་འགྲོ་བའི་ཁྱད་ཕན་ལྡན།


སྨོན་ལམ་ཚིག་མཛོད་དེ་རིན་མེད་ཏོག་ལྟ་ཀུ་ཤུའི་ཁ་པར་ནང་ཕབ་ལེན་དུ་འཇོག་ཡོད། ཕབ་ལེན་གནང་དགོས་ན། གཤམ་གྱི་དྲ་གནས་འདིར་ཕེབས།

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག