ཇོ་མོ་གླང་མ་ཅེས་པའི་ཡིག་གཟུགས་ཁག་བཅུ་བདུན་པར་བསྐྲུན་འགྲེམས་སྤེལ་བྱས་པ།

རྩོམ་ཡོང་ཁུངས། བོད་ཡིག་བརྡ་འཕྲིན་ཞིབ་འཇུག་ཁང་།

བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་བཟོས་པའི་ཇོ་མོ་གླང་མའི་རིམ་སྟར་བོད་ཡིག་གི་ཡིག་གཟུགས་མཉེན་ཆས།
ཉེ་ཆར། བོད་ཡིག་གི་ཡིག་གཟུགས་སྣ་༡༧འདུས་པའི་《ཇོ་མོ་གླང་མའི་རིམ་སྟར་བོད་ཡིག་གི་ཡིག་གཟུགས》འོད་སྡེར་དང་ཡི་གེའི་མ་དཔེ་དངོས་སུ་དཔར་བསྐྲུན་བྱས་པ་རེད།

རྒྱུས་ལོན་བྱས་པ་ལྟར་ན། 《ཇོ་མོ་གླང་མའི་རིམ་སྟར་བོད་ཡིག་གི་ཡིག་གཟུགས》འོད་སྡེར་ནི་མི་རིགས་སྒྲ་བརྙན་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་པ་དང་། ཡི་གེའི་མ་དཔེ་ནི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་པ་རེད། ད་ལྟའི་དུས་འདིར། བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་དཔེ་མཛོད་ཡིག་ཚགས་ཁང་གི་ཞིབ་འཇུག་པ་བཀྲ་ཤིས་ཚེ་རིང་གིས་སྣེ་ཁྲིད་པའི་ཇོ་མོ་གླང་མའི་རིམ་སྟར་བོད་ཡིག་གི་ཡིག་གཟུགས་ཅེས་པའི་གསར་འབྱེད་རྣམ་གྲངས་ལ་བདེ་བླག་ངང་མཇུག་བསྡུས་པ་ཞིག་རེད།

བསྡོམས་རྩིས་བྱས་པ་ལྟར་ན། མིག་སྔར་རྒྱལ་ཡོངས་སུ་ཚགས་དེབ་དང་བོད་ཡིག་གི་དཔེ་ཆ་དཔེ་སྐྲུན་ཁང་། བོད་ཡིག་གི་དཔེ་ཆ་དཔར་ཁང་སོགས་༦༠ལྷག་ཡོད་པ་རེད། སྤྱིར་ན་རྒྱལ་སྤྱིའི་ཚད་ལྡན་གྱི་བོད་ཡིག་གི་ཨང་སྒྲིག་ཚད་གཞི་དངོས་སུ་དོན་ཡོད་མོད། འོན་ཀྱང་ལས་ཁུངས་མང་ཤོས་ཀྱིས་ད་དུང་ཡང་རྒྱལ་སྤྱིའི་ཚད་ལྡན་མིན་པའི་ཡིག་གཟུགས་དང་གཏག་ཐབས་སྤྱོད་བཞིན་ཡོད་པས། བོད་ཡིག་གི་དྲ་རྒྱའི་བརྡ་འཕྲིན་ལག་རྩལ་མཉེན་ཆས་ཐད་དུ་ཨང་སྒྲིག་གཅིག་གྱུར་མིན་པ་དང་། སྤྱོད་མཁན་ཕན་ཚུན་དབར་དུ་གཞི་གྲངས་ཡིག་ཆ་མཉམ་སྤྱོད་བྱེད་མི་ཐུབ་པ། སྔར་ཡོད་ཀྱི་གཞི་གྲངས་ཡིག་ཆ་དེ་རྒྱུན་འཛིན་ལེགས་པོ་བྱེད་མི་ཐུབ་པ་སོགས་ཀྱི་གནད་དོན་འདིས་བོད་ཡིག་བརྡ་འཕྲིན་ལག་རྩལ་གྱི་འཕེལ་རྒྱས་དང་འཛུགས་སྐྲུན་ལ་གེགས་རྐྱེན་ཚབས་ཆེན་བཟོས་པ་རེད།

བོད་ཡིག་གི་ཨང་སྒྲིག་རྙོག་ཟིང་ཡིན་པའི་གནད་དོན་དེར་དམིགས་ནས། སྤྱི་ལོ་༢༠༠༨ལོར་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་ཇོ་མོ་གླང་མའི་རིམ་སྟར་བོད་ཡིག་གི་ཡིག་གཟུགས་ཅེས་པའི་གསར་འབྱེད་བྱ་བར་ཆོག་མཆན་དང་རྣམ་གྲངས་ཚུགས་པ་རེད།
བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་དཔེ་མཛོད་ཡིག་ཚགས་ཁང་གི་ཞིབ་འཇུག་པ་ཟུར་པ་བཀྲ་ཤིས་ཚེ་རིང་ལགས།
དུས་ཡུན་ལོ་ངོ་༧ལྷག་གི་འབད་བརྩོན་བརྒྱུད་མཐར། ད་ལྟ་ནི་ཇོ་མོ་གླང་མའི་དབུ་ཅན་གསར་ཆེན། ཇོ་མོ་གླང་མའི་དབུ་ཅན་གསར་ཆུང་། ཇོ་མོ་གླང་མའི་དབུ་ཅན་སུག་ཐུང་། ཇོ་མོ་གླང་མའི་འབྲུ་ཚ། ཇོ་མོ་གླང་མའི་དཔེ་ཚུགས། ཇོ་མོ་གླང་མའི་ཚུགས་མ་འཁྱུག ཇོ་མོ་གླང་མའི་འཁྱུག་ཡིག ཇོ་མོ་གླང་མའི་དབུ་ཅན་སུག་རིང་། ཇོ་མོ་གླང་མའི་ཚུགས་རིང་། ཇོ་མོ་གླང་མའི་ཚུགས་ཐུང་། ཇོ་མོ་གླང་མའི་ཁ་བྱང་། ཇོ་མོ་གླང་མའི་ཁ་བྱང་ཆུང་བ། ཇོ་མོ་གླང་མའི་གཞུང་ཡིག ཇོ་མོ་གླང་མའི་བརྐོས་ཡིག །ཇོ་མོ་གླང་མའི་ཏུན་ཧོང་། ཇོ་མོ་གླང་མའི་མཛེས་རྩལ། ཇོ་མོ་གླང་མའི་ཧོར་ཡིག་སོགས་སྣ་༡༧གྱིས་གྲུབ་པའི་ཇོ་མོ་གླང་མའི་རིམ་སྟར་བོད་ཡིག་གི་ཡིག་གཟུགས་ཅེས་པ་འདི་ཀུན་གྱི་སྤྱན་སྔར་བཀྲམ་ཐུབ་པ་བྱུང་ཡོད་ལ། རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པ་དང་ཤེས་བྱའི་བདག་དབང་རང་ལ་ཡོད་པའི་བོད་ཡིག་ཨང་སྒྲིག་གི་ཡིག་གཟུགས་ཆ་ཚང་འདི་གྲུབ་པ་རེད།

ཇོ་མོ་གླང་མའི་རིམ་སྟར་བོད་ཡིག་གི་ཡིག་གཟུགས་བཀྲམ་པ་འདིས་ཚགས་དེབ་དང་དྲ་ངོས། དེ་མིན་གློག་བརྙན་གྱི་བརྙན་ཡིག་ཁྲོད་བོད་ཡིག་གི་ཡིག་གཟུགས་ལ་མཛེས་ཆས་སྤྲས་པ་དང་ཕུན་སུམ་ཚོགས་པར་བཏང་ཡོད་ལ། བོད་ཡིག་ཨང་སྒྲིག་མ་ལག་དེ་རྒྱལ་ཁབ་ཚད་ལྡན་གྱི་གཅིག་གྱུར་དང་ཁྱབ་གདལ་དུ་གཏོང་བ། བོད་ཡིག་དྲ་རྒྱའི་ཆ་འཕྲིན་ཁྱབ་སྤེལ་སོགས་ཐད་ལ་སྔར་ལས་ལྷག་པའི་ཕན་ནུས་བཏོན་པ་རེད། གླིང་སྨྱོན་གྱིས་བོད་ལྗོངས་དྲ་བའི་རྒྱ་ཡིག་ཐོག་ཚེས་༢༦ཉིན་བཀོད་པ་དེ་ཇི་བཞིན་བོད་ཡིག་ཏུ་བསྒྱུར་བ་ཡིན།

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག