བོད་ཡིག OCR


ཉེ་སྔོན་ངས་ཚོད་ལྟ་ཞིག་བྱས་པའི་རྒྱུས་ཤེས་གསལ། གུ་གུལ་ཡིག་ཆ་བཟོ་ས་ Google Document ནང་བོད་ཡིག་གཟུགས་རིས་ངོས་འཛིན་བྱེད་ཐུབ་པ་ཧ་གོ་བྱུང་། གཟུགས་རིས་ངོས་འཛིན་ཐུབ་ཐབས་ཀྱི་ལག་རྩལ་དེ་ལ་དབྱིན་ཡིག་ཐོག་ OCR (Optical Character Reader) ཟེར་བ་དང་། དེ་ནི་ཤོག་ངོས་དང་དཔར་དུ་བཏབས་པའི་ཡིག་རིགས་རྣམས་གློག་ཀླད་ཀྱིས་ངོས་འཛིན་ཐུབ་པ་དང་། ངོས་འཛིན་ཐུབ་རྗེས་ཡིག་འབྲུ་དེ་དག་གློག་ཀླད་ཀྱིས་བསྐྱར་ཏུ་ཡིག་བཏགས་བྱེད་རོགས་བྱེད་པའམ། ཡིག་བསྒྱུར་ཐད་ཀར་བྱེད་རོགས་བྱེད་པ། ཡང་ན་ངོས་འཛིན་བྱས་རྗེས་ཡིག་འབྲུ་རྣམས་སྒྲ་ལྡན་དུ་བསྒྱུར་བ་སོགས་བཀོལ་སྤྱོད་སྣ་ཚོགས་བྱེད་རྒྱུ་ཡོད།


དེ་སྔ་བོད་ཡིག་ཅན་གྱི་མཉེན་ཆས་འགའ་ཤས་མཐོང་ཡང་དེ་དག་བེད་སྤྱོད་བྱེད་སྟངས་ཀྱི་ལམ་སྟོན་གསལ་པོ་མེད་པ་དང། མཉེན་ཆས་སྒྲིག་འཇུག་ལེགས་པོ་བྱུང་ཡང་མི་འགྲོ་བའི་གནས་སྟངས་མང་པོ་ཆགས་ཡོད། བོད་ཡིག་གཟུགས་རེིས་ངོས་འཛིན་མཉེན་ཆས་ལེགས་གྲས་གཅིག་གཉིས་ཤིག་བཟོས་ཡོད་བཟོ་འདུག་ཀྱང་དེ་དག་རག་དཀའ་བ་དང་། རིན་གོང་ཆེ་བ། བེད་སྤྱོད་བྱེད་སྐབས་སྔོན་འགྲོའི་ཆ་རྐྱེན་དང་། གྲ་སྒྲིག་མི་ཉུང་བ་ཞིག་བྱེད་དགོས་པ་སོགས་བེད་སྤྱོད་གཏོང་བདེ་པོ་ཞིག་མ་མཐོང་།

Tibetan OCR ཡང་ན་བོད་ཡིག་གཟུགས་རིས་ངོས་འཛིན་མ་ལག་དེའི་མཁེ་ཕན་ཆེ་ཤོས་ནི། སྔ་མ་བཤེར་འབེབ་ (Scanned) བྱས་པ་དང་དཔར་དུ་བཏབས་པའི་ཡིག་ཆ་དང་དཔེ་ཆ་དེ་དག་གི་ཡིག་འབྲུ་རེ་རེ་བཞིན་གློག་ཀླད་ཀྱིས་ངོས་འཛིན་བྱས་ཐུབ་པ་དང་། ཕྱི་ནང་གི་ཉམས་ཞིབ་བྱེད་མཁན་སུ་འདྲ་ཞིག་ལ་ཡང་ཡིག་བཏགས་བྱས་མེད་པའི་དཔེ་ཆའི་ནང་འཚོལ་བཤེར་བྱེད་ཐུབ་པ་ཆགས་ཀྱི་ཡོད། དགོས་གལ་བྱུང་ན་དཔར་བཏབས་བཞག་པའི་ཡིག་ཆ་རྣམས་ unicode ཐོག་བཏགས་རོགས་བྱེད་ཀྱི་རེད། དེ་ནི་མི་ཞིག་གིས་ཟླ་བ་གཅིག་ལ་ཡིག་བཏགས་བྱེད་དགོས་པའི་དཔེ་ཆ་ཞིག་ཉི་མ་ཁ་ཤས་ནང་འཚར་ཐུབ་པ་ཞིག་ཡོང་ཐུབ། 

དབྱིན་ཡིག་དང་རྒྱ་ཡིག་སོགས་ OCR བྱེད་ཐུབ་པ་ནི་ལོ་བཅུ་ཕྲག་མང་པོའི་སྔོན་ནས་ཡོད་པ་དང་། དེ་དག་གི་གཟུགས་རིས་ངོས་འཛིན་ཐུབ་པའི་སྤུས་ཚད་ནི་ཧ་ཅང་མཐོ་བ་མ་ཟད། བཀོལ་སྤྱོད་བྱེད་སྟངས་རྣམ་པ་སྣ་ཚོགས་དང་། ཡར་རྒྱས་ཞེ་དྲག་ཕྱིན་ཡོད། འོན་ཀྱང་བོད་ཡིག་ OCR ནི་ད་དུང་ཡང་ལེགས་པོ་ཞིག་བཟོ་ཐུབ་མེད། གང་ལྟར་བོད་ཡིག་གཟུགས་རིས་ངོས་འཛིན་མ་ལག་དེ་གལ་འགང་ཤེས་མཁན་དང་། ལག་རྩལ་དེ་བེད་སྤྱོད་བྱེད་འདོད་ཡོད་མཁན་ཚོར་ཐབས་ཤེས་གཞན་ཞིག་ཡོད་ནི། གུ་གུལ་ཡིག་ཆ་(google document) ཐོག་ཚོད་ལྟ་བྱེད་རྒྱུ་དེ་ཡིན། གུ་གུལ་ཡིག་ཆའི་ཐོག་སྐད་རིགས་སྣ་ཚོགས་ཐད་ཀར་ OCR བྱེད་རྒྱུ་ཡོད། དེའི་ནང་བོད་ཡིག་ལྟ་ཚོད་ཞིག་བྱེད་དུས་གང་ལ་གང་མཚམས་ཡག་པོ་ཡོང་གི་འདུག

བྱེད་སྟངས་ནི་གཤམ་གསལ།

  1. བོད་ཡིག་ཡོད་པའི་འདྲ་དཔར་རམ་ PDF གང་རུང་གུ་གུལ་གསོག་སྡེར་ (google drive) ཐོག་འཇོག་དགོས། དེ་ནས་ཡིག་ཆའི་ཐོག་ཙི་ཙི་གཡས་སྡེབས་དང་། འདེམས་གའི་ནང་ Open with google doc ལ་བཞུས།
  2. ཡིག་ཆ་གསར་པ་ཞིག་ཁ་འབྱེད་ངེས། ཡིག་ཆ་དེ་ཁ་འབྱེད་རྒྱུར་དུས་ཚོད་སྐར་ཆ་འགའ་ཤས་འགོར་སྲིད། ཇི་ཙམ་འགོར་མིན་ནི་གཙོ་བོ་ནང་དོན་མང་ལོས་ལ་རགས་ལས་ཡོད།
  3. ཡིག་ཆ་གསར་པའི་ནང་གཟིགས་ན། ཡིག་རིགས་ངོས་འཛིན་ཐུབ་པ་རྣམས་ Unicode རྣམ་པའི་ཐོག་ཡིག་བཏགས་བརྒྱག་ཡོད

བརྙན་ཟློས་ལ་གཟིགས།


བོད་ཡིག་གཟུགས་རིས་ངོས་འཛིན་ལེགས་པོ་བྱུང་མིན་གཙོ་བོ་གཞི་ཁ་ཤས་ལ་རགས་ལས། དེ་དག་ནི།

  • ཡིག་ཆ་(དཔར) དེ་གསལ་ལོས་དང།
  • ཡིག་གཟུགས་ཆེ་ཆུང་།
  • ཤོག་ངོས་མཚོན་ཁྲ་ཅན་ཡིན་མིན།
  • ཡིག་གཟུགས་དབུ་ཅན་དང་དབུ་ཅན་གང་ཞིག་ཡིན་མིན་སོགས་ཀྱི་ཁྱད་པར་ཡོང་གི་འདུག

ཚོད་ལྟའི་ཉམས་མྱོང་།

  • ཐབས་ཤེས་དེ་སྤྱད་པའི་སྐབས་གལ་ཏེ་ཡིག་ཆ་ཨ་མའི་ནང་ཡོད་པའི་བོད་ཡིག་ཡིག་གཟུགས་དེ་ Himalaya དང་ Monlam Uni Oucan1, 2, 3, san serif , Qomolangma-Ouchen Sarchung བཅས་དང་འདྲ་བའི་ཡིག་གཟུགས་ཡིན་ན། གཟུགས་རིས་ངོས་འཛིན་གྱི་བརྒྱ་ཆ་ 90% ནས་ 98% བར་ཟིན་གྱི་འདུག །དེ་ལྟར་ལབ་དུས། ཉེ་སྔོན་ལོ་གྲངས་ལྔ་དང་བཅུའི་ནས་བཟོས་པའི་དཔེ་དེབ་དང་། གསར་ཤོག །གསར་དེབ་སོགས་ unicode ཐོག་ཐད་ཀར་འཕབ་ཐུབ་པ་དང་བརྒྱ་ཆ་ཡང་མཐོ་པོ་རེད་འདུག
  • དབུ་ཅན་མ་ཡིན་པའི་ཡིག་གཟུགས་དབུ་མེད་དང་འབྲུག་རྩ་འཁྱུག་སོགས་ཐབས་ཤེས་འདི་སྤྱད་ན་ཡོང་གི་མིན་འདུག
  • ཡིག་ཆ་ཨ་མའི་རྒྱབ་ལྗོངས་ཚོན་ཁྲ་ཡོད་པ་ལས། མཚོན་ཁྲ་ཅི་ཡང་མེད་པའི་ངོས་དཀར་པོ་ཡིན་ན། གཟུགས་རིས་ངོས་འཛིན་ལེགས་པ་ཡོང་གི་འདུག
  • དཔར་བཏབས་བཞག་པའི་ཡིག་ཆ་ཞིག་ཡིན་ན། ཀྱག་ཀྱོག་དང་ངོས་སྙོམས་པོ་མེད། དེར་བརྟེན་གཟུགས་རིས་ངོས་འཛིན་ཡག་པོ་ཡོང་མི་སྲིད། དེར་བརྟེན་གཟུགས་རིས་ངོས་འཛིན་ལེགས་པོ་ཐུབ་ཐབས་སུ་སྔོན་ལ་ Photoshop ནང་བཟོ་སྒྲིག་ཏོག་ཙམ་གནང་རྗེས། ཚོད་ལྟ་བྱེད་ན་ཁྱད་པར་ཆེན་པོ་འགྲོ་གི་འདུག


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *