www.gomanglibrary.com བཟོས་ཟིན།

སྒོ་མང་དཔེ་མཛོད་ཁང་གི་འཕྲུལ་དེབ་དྲ་ཚིགས་གསར་པ་བཟོས་ཟིན།
དྲ་ཚིགས་ཁ་བྱང་། www.gomanglibrary.com

དྲ་ཚིགས་འདིའི་ནང་གཙོ་བོ་སྒོ་མང་དཔེ་མཛོད་ཁང་ནས་འཕྲུལ་དེབ་ཀྱི་ཡིག་ཆ་རྣམས་དྲ་ཐོག་ཏུ་རིན་མེད་ཐོག་ཕེབས་ལེན་བྱེད་རྒྱུའི་ཆེད་དུ་བཟོས་པ་ཞིག་ཡིན། གཙོ་བོ་སྡེ་ཚན་གཙོ་ལྔ་ཕྱེ་ཡོད་པ་ནི། བཀའ་བསྟན་དང་། གསུང་འབུམ། རྣམ་ཐར། རིག་གནས། གསར་འཕྲིན་བཅས་ཡིན་ཡང་ད་ལྟའི་ཆར་གསུང་འབུམ་གྱི་དཔེ་དེབ་བཅོ་ལྔ་ EPUB དང་ PDF ཡིག་ཆའི་རྣམ་པའི་ཐོག་ཕབ་ལེན་བྱེད་རྒྱུ་ཡོད། སྡེ་ཚན་གཞན་དག་ནང་དེབ་རེ་བཟུང་ལས་རིམ་པས་དེབ་དེབ་ཁ་སྣོན་བྱེད་རྒྱུ་ཡིན་འདུག །

སྒོ་མང་གློག་རྡུལ་གཙུག་ལག་དྲ་མཛོད་ཀྱི་དམིགས་ཡུལ་ལམ་དགོས་དམིགས་ནང་འཁོད་དོན།
གློག་རྡུལ་འཕྲུལ་རིག་གི་ཤེས་ཡོན་དང་ལག་རྩལ་ཇི་ཙམ་འཕེལ་རྒྱས་ཕྱིན་པ་ལས། འགྲོ་བ་མིའི་རིགས་ཀྱི་འཚོ་བའི་དགོས་མཁོ་དང་ཤེས་ཡོན་སློབ་སྦྱོང་གི་མཐུན་རྐྱེན་སོགས་ཕྱོགས་གང་ཐད་ནས་སྟབས་ཇེ་བདེ་ཇེ་ལེགས་སུ་འགྲོ་བཞིན་པའི་དུས་རབས་ཀྱི་འགྲོས་དང་བསྟུན། ང་ཚོས་ཀྱང་རང་མི་རིགས་དང་སྐད་ཡིག རིག་གཞུང་། དེ་བཞིན་རིགས་མཐུན་སྤྱི་ཚོགས་ཤིག་ལ་ཁ་ཕྱོགས་ཏེ། མེ་ཏོག་ཆུང་རུང་ལྷ་རྫས་དང་། གུར་ཀུམ་ཉུང་རུང་སྨན་རྫས་ཀྱི་དཔེ་ལྟར། [ སྒོ་མང་གློག་རྡུལ་གཙུག་ལག་དྲ་མཛོད། ]ཅེས་པའི་དྲ་ཚིགས་འདི་བརྒྱུད་ཤེས་ཡོན་ལ་དུང་བ་ཟབ་ཅིང་དོ་སྣང་ཆེ་བའི་དྲ་གྲོགས་མི་ཉུང་བ་ཞིག་གི་ཐུགས་འདུན་དང་རེ་བའི་ཟུར་ཞིག་གི་སྟོང་ཆ་ཙམ་བསྐང་ཐུབ་པའི་དགོས་དམིགས་དང་བཅས། འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་ནས། ༢༠༡༦ ཟླ་ ༡ ཚེས་ལ།

གཤམ་འདིར་བཟོས་ཟིན་པའི་དྲ་ཚིགས་དེའི་རྣམ་པ་འགའ།




Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག