ipad ཐོན་གསར་གང་ཡོད། ཅི་ཞིག་ཉོ་ན་ལེགས།


དྲི་བ། གུས་པ་ ipad ཞིག་ཉོ་མཁན་ཡིིན་པས་གང་འདྲ་འདེམས་དགོས་རེད།  བོད་ཡིག་སླེབས་མཁན་ཞིག་དགོས། ཐོན་གསར་དེ་འདྲ་གང་དང་གང་ཡོད་དམ། དེང་སང་མི་མང་ཆེ་བས་གང་བེད་སྤྱྱོད་བྱེད་ཀྱི་ཡོད་དམ། ལན་ཞིག་ཡོད་པ་ཞུ།
བློ་བཟང་རབ་རྒྱལ་ནས།

ལན།

གལ་ཏེ་ ipad (ཨྱ་པེཊ་) ཉོས་ན་བོད་ཡིག་མི་ཡོང་བའི་དཀའ་ངལ་རྩ་བ་ནས་མེད། སྤྱིར་བཏང་ཀུ་ཚང་གིས་བཟོས་པའི་ཁ་པར་དང་ཨྱ་པེཊ་ཆ་ཚང་ནང་བོད་ཡིག་ལ་རྒྱབ་སྐྱོར་ཐོབ་ཡོད། བློ་བདེ་བའི་ཆེད་ཁྱེད་ནས་མ་ཉོས་སྔོན་ནས་ཚོང་པ་ཡོད་སར་བོད་ཡིག་དྲ་ཚིགས་གཅིག་གཉིས་ཤིག་ཁ་ཕྱེ་ནས་ཚོད་ལྟ་བྱས་ཀྱང་འགྲིག

འདིར་ཨྱ་པེཊ་ལ་ཁག་ལྔ་་ཐོན་ཡོད། Pro་དང་ Air, Air2 Mini , Mini2 བཅས་ཡིན། ཨྱ་པེཊ་དེ་དག་རེ་རེའི་ཆེ་ཆུང་དང་ནང་ཁྲོལ། དཔར་ཆས་ལེགས་ལོས། ཡིག་གསོག་ཚད་གཞི། SIM བླུགས་རྒྱུ་ཡོད་མེད། གོང་ཚད་སོགས་གཅིག་པའི་ཆ་དང་གཅིག་པའི་ཆ་མ་ཡིན་པ་མང་པོ་ཡོད། གཤམ་ལ་གུས་པས་ཨྱ་པེཊ་དེ་དག་གི་གཅིག་པའི་ཆ་རྣམས་མ་བཤད་པར་མི་འདྲ་བའི་ཆ་དེ་གཙོ་ཆེར་འགྲེལ་བཤད་བྱེད། དེས་ཁྱེད་ལ་ཨྱ་པེཊ་མ་ཉོས་སྔོན་ཤེས་རྟོགས་ཐུབ་པའི་རེ་བ་ཡོད།
  1. ​iPad Pro ནི་ཨྱ་པེཊ་ཐོན་གསར་ཤོས་འདི་ཡིན། འདི་ལོའི་ཕྱི་ཟླ་ ༡༡ ནང་ཁྲོམ་རྭར་འགྲེམས་ཚོང་བྱེད་འགོ་བཙུགས་ཡོད། iPad Pro གི་འཆར་ངོས་ལ་ཨིན་ཆི་ 12.9 དང་དཔར་ཆས་ 8MP བརྙན་པར་རྣམས་ 1080p HD ཐོག་ལེན་ཐུབ་པ། གསོག་སྡེར་ལ་ 32GB དང་ 128GB བྱེད་པ་ཞིག་ཡིན། ལྟེ་དབང་Chip ནི་A9X third-generation chip 64-bit architecture རེད། ཀུ་ཤུ་ཚང་གི་ཨྱ་པེཊ་ཆེ་ཤོས་དང་སྤུས་ཚད་ལེགས་ཤོས་འདི་ཡིན། 
    • གསོག་སྡེར་ 32GB དང་ wifi བྱས་པ་ལ་སྒོར་ [ Rs. 67,582 ཡས་མས་ ]
    • གསོག་སྡེར་ 128GB དང་ wifi  བྱས་པ་ལ་སྒོར་ [ Rs. 79,526 ཡས་མས་ ]
    • གསོག་སྡེར་ 128GB དང་ wifi+Cellular  བྱས་པ་ལ་སྒོར་ [ Rs. 89,479 ཡས་མས་ ]
      • wifi ནི་སྐད་མེད་དྲ་ཐོག་ཏུ་འཇུག་པའི་མཐུན་རྐྱེན་ལས་ཁ་པར་གྱི་ SIM བཅུག་ས་མེད།
      • འདིར་ Celluar ཟེར་བ་ནི་ SIM བཅུག་ཏེ་ཁ་པར་གཏོང་ཐུབ་པ་དང་ SIM སྤྱད་དེ་དྲ་རྒྱ་ལ་འཇུག་རྒྱུ་ཡོད་པ་ལ་ཟེར།།
  2. iPad Air 2 གི་འཆར་ངོས་ལ་ཨིན་ཆི་ 9.7 inches དང། དཔར་ཆས་ 8MP བརྙན་པར་རྣམས་ 1080p HD ཐོག་ལེན་ཐུབ་པ། ལྟེ་དབང་Chip ནི་ A8X second-generation chip with 64-bit architecture རེད། གསོག་ཆས་ཆེ་ཆུང་དང་། SIM བཅུག་རྒྱུ་ཡོད་མེད་ལ་གཞིགས་ཏེ་རིན་གོང་མི་འདྲ་བ་ཡོད།
    • གསོག་སྡེར་ 16GB དང་ wifi བྱས་པ་ལ་སྒོར་ [ Rs. 35,900]
    • གསོག་སྡེར་ 16GB དང་ wifi+Cellular བྱས་པ་ལ་སྒོར་ [ Rs. 45,900]
    • གསོག་སྡེར་ 64GB དང་ wifi བྱས་པ་ལ་སྒོར་ [ Rs. 42,900 ]
    • གསོག་སྡེར་ 64GB དང་ wifi+Cellular བྱས་པ་ལ་སྒོར་ [ Rs. 52,900 ]
    • གསོག་སྡེར་ 128GB དང་ wifi  བྱས་པ་ལ་སྒོར་ [ Rs. 49,900 ]
    • གསོག་སྡེར་ 128GB དང་ wifi+Cellular  བྱས་པ་ལ་སྒོར་ [ Rs. 59,900 ]
      • wifi ནི་སྐད་མེད་དྲ་ཐོག་ཏུ་འཇུག་པའི་མཐུན་རྐྱེན་ལས་ཁ་པར་གྱི་ SIM བཅུག་ས་མེད།
      • འདིར་ Celluar ཟེར་བ་ནི་ SIM བཅུག་ཏེ་ཁ་པར་གཏོང་ཐུབ་པ་དང་ SIM སྤྱད་དེ་དྲ་རྒྱ་ལ་འཇུག་རྒྱུ་ཡོད་པ་ལ་ཟེར།།
  3. iPad Air གི་འཆར་ངོས་ལ་ཨིན་ཆི་ 9.7 inches དང། དཔར་ཆས་ 5MP བརྙན་པར་རྣམས་ 1080p HD ཐོག་ལེན་ཐུབ་པ། ལྟེ་དབང་Chip ནི་ A7 chip with 64-bit architecture རེད། SIM བཅུག་རྒྱུ་ཡོད་མེད་ལ་གཞིགས་ཏེ་རིན་གོང་མི་འདྲ་བ་ཡོད།
    • གསོག་སྡེར་ 16GB དང་ wifi བྱས་པ་ལ་སྒོར་ [ Rs. 28,900]
    • གསོག་སྡེར་ 16GB དང་ wifi+Cellular བྱས་པ་ལ་སྒོར་ [ Rs. 38,900]
    • གསོག་སྡེར་ 32GB དང་ wifi བྱས་པ་ལ་སྒོར་ [ Rs. 32,900 ]
    • གསོག་སྡེར་ 32GB དང་ wifi+Cellular བྱས་པ་ལ་སྒོར་ [ Rs. 42,900 ]
      • wifi ནི་སྐད་མེད་དྲ་ཐོག་ཏུ་འཇུག་པའི་མཐུན་རྐྱེན་ལས་ཁ་པར་གྱི་ SIM བཅུག་ས་མེད།
      • འདིར་ Celluar ཟེར་བ་ནི་ SIM བཅུག་ཏེ་ཁ་པར་གཏོང་ཐུབ་པ་དང་ SIM སྤྱད་དེ་དྲ་རྒྱ་ལ་འཇུག་རྒྱུ་ཡོད་པ་ལ་ཟེར།།
  4. iPad mini 4 གི་འཆར་ངོས་ལ་ཨིན་ཆི་ 7.9 inches དང། དཔར་ཆས་ 8MP བརྙན་པར་རྣམས་ 1080p HD ཐོག་ལེན་ཐུབ་པ། ལྟེ་དབང་Chip ནི་ A8 second-generation chip with 64-bit architecture རེད། SIM བཅུག་རྒྱུ་ཡོད་མེད་ལ་གཞིགས་ཏེ་རིན་གོང་མི་འདྲ་བ་ཡོད།
    • གསོག་སྡེར་ 16GB དང་ wifi བྱས་པ་ལ་སྒོར་ [ Rs. 28,900]
    • གསོག་སྡེར་ 16GB དང་ wifi+Cellular བྱས་པ་ལ་སྒོར་ [ Rs. 38,900]
    • གསོག་སྡེར་ 64GB དང་ wifi བྱས་པ་ལ་སྒོར་ [ Rs. 32,900 ]
    • གསོག་སྡེར་ 64GB དང་ wifi+Cellular བྱས་པ་ལ་སྒོར་ [ Rs. 45,900 ]
    • གསོག་སྡེར་ 128GB དང་ wifi བྱས་པ་ལ་སྒོར་ [ Rs. 42,900 ]
    • གསོག་སྡེར་ 128GB དང་ wifi+Cellular བྱས་པ་ལ་སྒོར་ [ Rs. 52,900 ]
      • wifi ནི་སྐད་མེད་དྲ་ཐོག་ཏུ་འཇུག་པའི་མཐུན་རྐྱེན་ལས་ཁ་པར་གྱི་ SIM བཅུག་ས་མེད།
      • འདིར་ Celluar ཟེར་བ་ནི་ SIM བཅུག་ཏེ་ཁ་པར་གཏོང་ཐུབ་པ་དང་ SIM སྤྱད་དེ་དྲ་རྒྱ་ལ་འཇུག་རྒྱུ་ཡོད་པ་ལ་ཟེར།།
  5. iPad mini 2 གི་འཆར་ངོས་ལ་ཨིན་ཆི་ 7.9 inches དང། དཔར་ཆས་ 5MP བརྙན་པར་རྣམས་ 1080p HD ཐོག་ལེན་ཐུབ་པ། ལྟེ་དབང་Chip ནི་ A7 chip with 64-bit architecture རེད། SIM བཅུག་རྒྱུ་ཡོད་མེད་ལ་གཞིགས་ཏེ་རིན་གོང་མི་འདྲ་བ་ཡོད།
    • གསོག་སྡེར་ 16GB དང་ wifi བྱས་པ་ལ་སྒོར་ [ Rs. 21,900]
    • གསོག་སྡེར་ 16GB དང་ wifi+Cellular བྱས་པ་ལ་སྒོར་ [ Rs. 31,900]
    • གསོག་སྡེར་ 32GB དང་ wifi བྱས་པ་ལ་སྒོར་ [ Rs. 25,900 ]
    • གསོག་སྡེར་ 32GB དང་ wifi+Cellular བྱས་པ་ལ་སྒོར་ [ Rs. 35,900 ]
      • wifi ནི་སྐད་མེད་དྲ་ཐོག་ཏུ་འཇུག་པའི་མཐུན་རྐྱེན་ལས་ཁ་པར་གྱི་ SIM བཅུག་ས་མེད།
      • འདིར་ Celluar ཟེར་བ་ནི་ SIM བཅུག་ཏེ་ཁ་པར་གཏོང་ཐུབ་པ་དང་ SIM སྤྱད་དེ་དྲ་རྒྱ་ལ་འཇུག་རྒྱུ་ཡོད་པ་ལ་ཟེར།།
ཀུ་ཤུ་ཚང་གི་དྲ་ཚིགས་སུ་ཨྱ་པེཊ་དེ་དག་གི་ཚད་གཞི་ཕྲ་ཞིང་ཞིབ་པ་བཀོད་པ་དེར་གཟིགས་ན། དྲ་ཐག་འདིར་གནོན་ http://www.apple.com/in/ipad/compare/

དེ་རྗེས་ཁྱེད་ཀྱི་དྲི་བ་གསུམ་པའི་ནང་མི་མང་ཤོས་ཀྱིས་ཨྱ་པེཊ་གང་ཞིག་ཉོ་གི་ཡོད་དམ་ཞེས་དྲིས་འདུག འདིར་ལན་ཐད་ཀར་བརྒྱག་ཤེས་ཀྱི་མིན་འདུག་ལན་བྱས་ཀྱང་ལན་དེ་ཡང་མི་འདྲ་བ་གཉིས་གསུམ་ཆགས་ཀྱི་རེད། དང་ཐོག་ཨྱ་པེཊ་ཐོན་ལྔ་པོ་དེ་དག་འགྲེམས་ཚོང་མང་ཤོས་གང་ཞིག་ཡིན་པ་ཀུ་ཤུ་ཚང་གིས་ལེགས་ཤོས་ཤེས་ཀྱི་ཡོད། འོན་ཀྱང་ཁོང་ཚོས་དེའི་སྐོར་གྱི་གནས་ཚུལ་གསལ་པོ་སྤེལ་གྱི་མེད། དྲ་ཚིགས་གཞན་ནས་གནས་ཚུལ་དང་ཚད་བསྡུར་བྱས་པ་འདུག་ཀྱང་བཤད་སྟངས་མི་འདྲ་བ་དང་གྲངས་ཐོ་ཡང་གཅིག་པ་མེད། དེར་བརྟེན་འདིར་མ་བཀོད།

གཉིས་པ། ཚོང་འགྲེམས་ཀྱི་གྲངས་ཐོར་གཞི་གཅིག་པོར་བཞག་པ་ལས་ལོ་ཡུན་ལ་གཞི་མ་བཞག་ན། ipad mini ནི་ལོ་གསུམ་བཞི་སྔོན་ནས་དར་འཚར་བ་དང་། ད་དུང་ཡང་ཉོ་མཁན་ཡོད་པར་བརྟེན། ཚོང་འགྲེམས་ཀྱི་གྲངས་ཚད་མཐོ་ཤོས་ཟིན་དགོས་ངེས་དང།  iPad Pro ལྟ་བུ་ཐོན་གསར་ཤོས་དང་ཟླ་བ་གཉིས་ལས་ཟིན་གྱི་མེད་པར་བརྟེན་འགྲེམ་ཉུང་ཤོས་ཡིན་སྲིད།

དེ་བཞིན་རྒྱལ་ཁབ་སོ་སོ་ལ་ཡང་ཁྱད་པར་འགྲོ་སྲིད། ཡུལ་ལུང་དང་བོད་པའི་སྤྱི་ཚོགས་གཅིག་པོའི་ནང་ཨྱ་པེཊ་མང་ཤོས་གང་ཞིག་ཉོ་མིན་ཡང་ཁྱད་པར་ཆེན་པོ་ཡོད། ཤོད་ཐུབ་པ་དགོས་ན་གཞི་བཞག་སའི་གྲངས་ཐོ་དང་དཔྱད་ཞིབ་བྱེད་དགོས་ངེས།

གང་ལྟར་ཨྱ་པེཊ་ཉོ་སྐབས་གཙོ་ཆེ་ཤོས་ནི་ཨྱ་པེཊ་ཉོས་ཟིན་མཁན་གྱི་གྲོགས་པོ་གྲོགས་མོར་ཨྱ་པེཊ་གང་ཞིག་ལེགས་མིན་སྐད་ཆ་མང་མང་འདྲ་རྒྱུ་དང་ཁོང་ཚོའི་བསམ་ཚུལ་དང་མྱོང་འཚོར་ལ་ལེན་ཞོར་གོང་བཀོད་ཨྱ་པེཊ་སོ་སོའི་ཚད་གཞི་་དེ་དག་ལ་བལྟས་ཏེ་དགོས་མཁོ་དང་འགྲོ་སོང་ལ་བསམ་བློ་བཏང་ནས་འདོད་པ་ཁེངས་པ་ཞིག་ཡོང་ན་འགྲིག་སེམས།


1 མཆན་གྲངས།:

  1. ང་ལ་youtube དང་འབྲེལ་བའི་དྲི་བ་ཞིག་ཡོད། youtube ནང་དུ་ Monetization ཟེར་བ་དེ་གང་འདྲ་བྱེད་དགོས་ཡོད་མེད་དང་དེ་རང་ཉིད་ཀྱི་དངུལ་ཁང་གི་ཁ་བྱང་གཉིས་པོ་གང་འདྲ་ཐུད་དགོས་ཡོད་མེེད། གལ་ཏེ་ཏུད་ཚར་ན་གང་འདྲ་ཧ་གོ་གི་ཡོད་གསལ་པོ་ཞིག་གསུངས་གནང་།

    ReplyDelete

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *