jonangsect.net དྲ་ཚིགས་བཟོས་ཟིན།

Wordpress སྤྱད་དེ་བཟོས་པའི་ཇོ་ནང་ཆོས་རྒྱུད་ཀྱི་དྲ་ཚིགས།
དྲ་ཚིགས་ཁ་བྱང་། www.jonangsect.net

དྲ་ཚིགས་འདིའི་ཁྱད་ཆོས་གཙོ་བོ་ནི། དྲ་ཚིགས་སྤྱིའི་ལྗིད་ཚད་ཡང་བས་དྲ་གནས་ཁ་འབྱེད་རྒྱུར་དུས་ཡུན་མང་པོ་མི་འགོར་བ། མཚོན་གཞི་འཇམ་པ་དང་། གནད་ཆེ་བའི་རིགས་ལ་མངོན་གསལ་ཐུབ། དྲ་ཚིགས་ཀྱི་སྒྲོམ་གཞི་ནི་གསར་ཐོན་གྱི་གུ་གུལ་ Material Design ཟེར་བའི་གྲུ་བཞིའི་རྣམ་པ་སྤྱད་ཡོད་པར་བརྟེན། གློག་ཀླད་ཙམ་དུ་མ་ཟད་ལག་ཐོག་ཁ་པར་དང་། དེ་མིན་གྱི་གློག་ཆས་ཡོད་དོ་ཅོག་གི་ནང་དྲ་ཚིགས་ཀྱི་གཟུགས་ངོས་རང་འགུལ་གྱིས་འགྱུར་ཏེ་བལྟ་སྣང་བདེ་པོ་ཡོང་ཐུབ།

བོད་ཡིག་དྲ་ཚིགས་འདི་བཞིན་ལག་ཐོག་ཁ་པར་ཚང་མའི་ནང་ཀློག་ཐུབ་ཆེད། དམིགས་བཀར་གྱིས་བོད་ཡིག་ཡིག་གཟུགས་སྦྱོར་ཡོད་པར་བརྟེན། བོད་ཡིག་མེད་པའི་ཁ་པར་ནང་དུའང་དྲ་ཚིགས་འདིའི་ཡིག་འབྲུ་ཐ་དག་བདེ་བླག་ངང་འཆར་ཐུབ།

དྲ་ཚིགས་ལ་སྤྱིར་བཏང་ནས་དགོས་མཁོ་ཅན་གྱི་ཟུར་བཀོད་ཁག་ཡོད། དཔེར་ན། འགུལ་རིས་ཀྱི་དཔར་དང། འཚོལ་བཤེར་བྱེད་ས། སྡེ་ཚན་དབྱེ་གསེས། ཡིག་གསོག །ཉིན་རེ་དང་བདུན་རེ་ཟླ་རེ་སོགས་ཀྱི་བལྟ་གྲངས་རེའུ་མིག

རྩོམ་ཡིག་རེ་ལ་མཆན་བཀོད་ས་ཡོད་ཁར། སྤེལ་ཟིན་པའི་མཆན་དེ་དག་ལན་འདེབས་བྱེད་པའི་སྒྲོམ་གཞི་ཁ་གསལ་ཡོད།

ཇུས་འགོད་ཀྱི་ལས་གཞི་ཆ་ཚང་སྒྲུབ་ཟིན་པ་ལྟ་བུ་རེད། འོན་ཀྱང་དྲ་བདག་གིས་དྲ་ཚིགས་འདིའི་ཐོག་རྩོམ་ཡིག་དང་ནང་དོན་བཅུག་མང་པོ་ལྷག་ཡོད་པར་བརྟེན་དུས་ཡུན་མང་པོ་མི་འགོར་བར་ནང་དོན་ཕྱུག་པོ་ཆགས་ངེས་ཡིན།

གཤམ་འདིར་བཟོས་ཟིན་པའི་དྲ་ཚིགས་དེའི་རྣམ་པ་འགའ།




Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག