Ubuntu ཁ་པར།


Ubuntu ནི་ Linux གི་རྒྱུད་ཁུངས་མ་ལག་གི་རིགས་གཅིག་ཡིན་པ་དང་། གློག་ཀླད་མང་པོའི་ནང་བེད་སྤྱོད་ཤུགས་ཆེ་ཤོས་ཡོད་པ་ཞིག་ཡིན། ལོ་ཤས་སྔོན་ Ubuntu ཚང་ལ་བསམ་བློ་གསར་པ་ཞིག་རྙེད་ཡོད། དེ་ནི་ཁོང་ཚོའི་གློག་ཀླད་ཀྱི་རྒྱུད་ཁུང་མ་ལག་འདི་མི་ཚང་མའི་ལག་ཐོག་ཁ་པར་ནང་བཅུག་ཐུབ་མིན་ཐད་ཡིན། ཁོང་ཚོར་བསམ་བློ་དེ་ལྟར་འཁོར་བའི་རྒྱུ་མཚན་ནི། ད་ལྟའི་ཆར་ཁ་པར་གྱི་ནང་ཁྲོལ་གྱི་ནུས་པ་ཡོངས་རྫོགས་གློག་ཀླད་གཅིག་གི་ནུས་ཚད་དང་ལྡན་པ་ཞིག་ཡིན། དཔེར་ན། གློག་ཀླད་གཅིག་ལ་ཉུང་མཐར་ RAM = 1GB དང་། ཁ་པར་ལ་ཡང་དེ་ལྟར་ཡོད། གློག་ཀླད་ལ་གསོག་སྡེར་ཡོད་པ་བཞིན་ཁ་པར་ལ་ཡང་གསོག་སྡེར་འཚབ་ཏུ་ microSD ཡོད། གློག་ཀླད་བྱ་རིམ་ལྟེ་བ་ (Processor ) ལ་ 1.5 GHz ཡོད་པ་ལྟར་ཁ་པར་ལ་ཡང་བྱ་རིམ་ལྟེ་བའི་ནུས་ཚད་ཀྱང་དེ་ལས་མཐོ་བ་དེ་འདྲ་ཡང་ཡོད། དེར་བརྟེན་ཆ་ག་ནས་བལྟས་ཀྱང་དེ་སང་གི་ཁ་པར་ནི་གློག་ཀླད་གཅིག་གི་ནུས་པ་དང་་ལྡན་ཡོད་ཞིག་རེད། འོན་ཀྱང་ཁ་པར་གྱི་ནང་ཁྲོལ་ནུས་ཚད་དེ་ལྟར་ཆེན་པོ་ཡོད་ཀྱང་ང་ཚོ་ད་ལྟ་བར་ཕན་ཚུན་ཁ་པར་གཏོང་རེས་བྱ་རྒྱུ་དང་། སྤྱི་ཚོགས་དྲ་འབྲེལ། འཕྲིན་ཐུང་དང་དཔར་བརྙན་བསྐུར་རེས། སྐབས་རེ་གློག་རྩེད་དང་། གློག་བརྙན་བལྟ་བ་སོགས་སྤྱིར་བཏང་གི་བེད་སྤྱོད་ཙམ་ལས་ཁ་པར་དེ་དག་གི་ནུས་པ་བརྒྱ་ཆ་ 50% ཡང་སྤྱོད་ཐུབ་ཀྱི་མེད་པ་རེད།

Ubuntu Phone ཡང་ན་ཨུ་བྷན་ཊུ་ཁ་པར་ནི་སྔར་རྒྱུན་ཁ་པར་གྱི་བྱེད་ལས་ཆ་ཚང་ཡོད་པའི་ཐོག་ད་དུང་ཁ་པར་སྒང་ལ་མངོན་ཆས་(Monitor)དང་། མཐེབ་གཞོང་། ཙི་ཙི་བཅས་མཐུད་དེ་གློག་ཀླད་ཀྱི་བྱེད་ནུས་གཉིས་ཀ་ཡོད་པ་ཞིག་ཆགས་ཀྱི་ཡོད། བཤད་སྟངས་གཞན་ཞིག་ནི། ཁྱེད་ཀྱི་ཁ་པར་དེ་རྒྱུན་གཏན་གྱི་ཁ་པར་ནང་བཞིན་སྦ་ཁུག་ནང་འཁུར་ཏེ་འགྲོ་རྒྱུ་ཡོད་ལ། ནང་གི་ལྕོག་ཙེའི་སྒང་ལ་བཞག་ནས་གློག་ཀླད་བཞིན་དུ་རྩོམ་ཡིག་བརྒྱག་པ་དང་དྲ་ཚིགས་དང་བརྙན་པར་བཟོ་བ་སོགས་བྱེད་ཐུབ་པ་ཡིན།

གཤམ་ང་ཚོས་ཨུ་བྷན་ཊུ་ཁ་པར་དེ་བེད་སྤྱོད་བྱེད་སྟངས་ཀྱི་དཔེ་མཆོན་བརྙན་འདི་ལ་ལྟ།


Ubuntu ལག་ཐོག་ཁ་པར་རིགས།

ཕྱི་ལོ་ 2013 ལོ་ནས་ཨུ་བྷན་ཊུ་གིས་ལག་ཐོག་ཁ་པར་སྟེང་ལས་གཞི་འགོ་བཙུགས་ཡོད་པ་དང་། ད་ལྟ་བར་ཚོད་ཆ་དང་། ལས་བསྐྲུན་གསར་པ་དེ་དང་མཉམ་ལས་བྱེད་རྒྱུར་ཁ་པར་བཟོ་གྲྭ་མང་པོ་དང་འབྲེལ་བ་བྱས་མཐར། ད་བར་ཨུ་བྷན་ཊུ་གི་ཁ་པར་སྤུད་དག་གསུམ་ཚོང་འགྲེམས་བྱེད་སྒོ་བཙུགས་ཐུབ་པ་བྱུང་ཡོད།

ཁ་པར་དེ་གསུམ་ནི། 2016 མ་ཟིན་སྔོན་ཙམ་ལ་བཟོས་པའི་ BQ Aquaris E5 HD དང་། BQ Aquaris E4.5 དེ་ནས་ཐོག་མར་བཟོས་པའི་ The Meizu MX4 བཅས་ཡིན། ཁ་པར་དེ་དག་གི་ནང་ཁྲོལ་གྱི་ཚད་གཞི་མཐོ་པོ་ལྡན་འདུག་པ་གཤམ་གྱི་དཔེ་རིས་ལས་གསལ་ཐུབ།




མིང་ཚིག

  • Ubuntu / ཨུ་བྷན་ཊུ། /
  • Processor / བྱ་རིམ་ལྟེ་བ། / 处理器 (བོད་རྒྱ་དབྱིན་གསུམ་ཆ་འཕྲིན་ལག་རྩལ་ཚིག་མཛོད་ལས་ Processor ལ་སྒྲིག་གཅོད་ཆས་བཀོད་འདུག་ཀྱང་གོ་བདེ་པོ་མིན་འདུག)
  • Monitor / མངོན་ཆས། / 显示器


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *