ཕྱོགས་བཅུར་གཟིགས་ཐུབ་པའི་གློག་བརྙན་དང་དཔར་ཆས།


ཕྱོགས་བཞི་དང་མཚམས་བརྒྱད་སྟེང་འོག་བཅས་ཕྱོགས་བཅུ་ལ་དཔར་ལེན་བྱེད་པའི་འཕྲུལ་ཆས་ལ་དབྱིན་ཡིག་ཐོག་ 360 Degree Camera ཟེར་བ་དང། འཕྲུལ་ཆས་དེས་ལེན་ཏེ་ལྟ་རྒྱུ་ཡོད་པའི་གློག་བརྙན་ལ་ 360 Degree Video ཟེར། ལོ་འགའ་ཤས་གོང་ཚན་རྩལ་དེ་ནི་ཚོད་ལྟའི་ཐོག་ཡོད་པ་དང་། གཅིག་འགྱུར་གྱི་གཏན་འབེབ་ཞིག་ཆགས་མེད། འོན་ཀྱང་ད་ཆ་ཕྱོགས་བཅུའམ་ 3600 གི་དཔར་ཆས་ལེགས་པོ་མང་དག་ཞིག་ཚོང་རྭའི་ཐོག་ཚོང་རྒྱུ་ཡོད་པ་དང། དྲ་མི་ཚོས་ 3600  གི་གློག་བརྙན་མང་པོ་ཞིག་ཡུ་ཊུབ་ (youtube) དྲ་གནས་ཐོག་འཇོག་ཡོད། ཁྱེད་ཀྱི་གློག་བརྙན་དེ་དག་ལྟ་ཐུབ་པ་ཙམ་མ་ཟད། གློག་བརྙན་དེ་དག་བལྟ་བའི་སྐབས་ཕྱོགས་མཚམས་གང་དུ་ལྟ་འདོད་ཡོད་པ་དེའི་ཕྱོགས་སུ་ཕྱོགས་ཆོག

འདིར་དཔེ་མཚོན་ཆེད་དུ་ཡུ་ཏུབ་དྲ་གནས་ཐོག་འཇོག་ཡོད་པའི་3600  གི་གློག་བརྙན་ཞིག་འཇོག་ཡོད། ཁྱེད་ཀྱིས་གློག་བརྙན་ལྟ་ཞོར་ཙི་ཙིས་དེའི་ཐོག་གཡས་གཡོན་གང་དུའང་འགུལ་ཐུབ།


ཡུ་ཊུབ་ནང་དེ་མིན་གྱི་ 3600  གློག་བརྙན་ལ་གཟིགས་འདོད་ན་དྲ་གནས་འདིར་བལྟ།
https://www.youtube.com/playlist?list=PLLaHPoF7OavyA7nyqHGmXKGXlelNPfefy

གལ་ཏེ་3600 གློག་བརྙན་ཞིག་བཟོ་འདོད་ན་3600གི་དཔར་ཆས་དམིགས་བསལ་སྤྱད་དགོས། དེ་ནས་ཡུ་ཊུབ་ན་ཡར་བཅུག་སྐབས་3600 གློག་བརྙན་ཡིན་ཟེར་རྟགས་བརྒྱབ་དགོས། 3600གི་དཔར་ཆས་རིགས་འདྲ་མིན་ཡོད་པ་དང། སོ་སོའི་ཁྱད་ཆོས་དང་རིན་གོང་མི་འདྲ་བ་ཡོད། གལ་ཏེ་3600གི་དཔར་ཆས་ཞིག་ཉོ་བསམ་ན་ངེས་པར་དུ་དཔར་བཏབས་ཟིན་པའི་གློག་བརྙན་དེ་ཡུ་ཊུབ་ཀྱི་ངོས་ལེན་ཡོད་མེད་དེ་ཡང་གཟིགས་རྒྱུ་གལ་ཆེ།

3600གི་དཔར་ཆས་འགའ།Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག