Google Drive དང་ Microsoft Office གཉིས་མཐུད་ཐུབ་པ།


ཕྲ་མཉེན་ཚང་གི་ཡིག་ཚང་མཉེན་ཆས་ Word, Excel, PowerPoint རྒྱུད་དེ་ཡིག་ཆ་རྣམས་གུ་གུལ་ཚང་གི་དྲ་ཐོག་གསོག་སྡེར་ Google Drive ནང་ཐད་ཀར་ཉར་ཚགས་ཐུབ་རྒྱུའི་མཐུན་རྐྱེན་གསར་པ་སྦྱར་ཡོད། ཡིག་ཚང་མཉེན་ཆས་སྤྱོད་མཁན་ཚོས་དྲ་སྣེ་ https://tools.google.com/dlpage/driveforoffice དེ་ནས་ Google Drive Plug-in ཟེར་བ་དེ་སོ་སོའི་གློག་ཀླད་ནང་ཕབ་ལེན་སྒྲིག་འཇུག་བྱེད་དགོས།

སྒྲིག་འཇུག་ཟིན་པ་དང་། ཡིག་ཚང་མཉེན་ཆས་ཁ་ཕྱེ་སྟེ་གུ་གུལ་ཁ་བྱང་དང་གསང་ཨང་བཀོད་དེ་དང་ལེན་བྱེད་དགོས། དང་ལེན་དང་ཁས་ལེན་ཆ་ཚང་གྲུབ་པ་དང་། ད་བཟོད་ཡིག་ཚང་མཉེན་ཆས་ཀྱི་ཉར་ཚགས་བྱེད་ (Save/SaveAs) ཟེར་སའི་སྒྲོམ་སྟེགས་དང་། ཡང་ན་ཡིག་ཚང་མཉེན་ཆས་དེ་གའི་སྟེང་གི་ལག་ཆའི་སྡེ་ཚན་ནང་ Google Drive ཟེར་བ་ཆ་ལག་གསར་པ་ཞིག་མངོན་ངེས།
ཡིག་ཚང་མཉེན་ཆས་སྤྱད་དེ་བཟོ་བཞིན་པའི་ཡིག་ཆ་དེ་ཐད་ཀར་གུ་གུལ་དྲ་སྡེར་(google drive)ནང་ཉར་ཚགས་རྒྱུ་དང། ཡང་ན་གུ་གུལ་དྲ་སྡེར་ནང་ཡོད་པའི་ཡིག་ཆ་གང་རུང་ཡིག་ཚང་མཉེན་ཆས་ནང་ཐད་ཀར་ཁ་འབྱེད་དེ་བཟོ་སྒྲིག་བྱེད་རྒྱུ་ཡང་ཡོད།


Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག