Remix OS རྒྱུད་ཁུངས་མ་ལག


Remix OS ནི་ཨན་ཌོའི་རྒྱུད་ཁུངས་མ་ལག་འགྱུར་བཅོས་བྱས་ཏེ་གློག་ཀླད་ཐོག་སྒྲིག་བཅུག་སྤྱོད་སྒོ་འཐུད་ཚང་ཡོད་པ་ཞིག་ཡིན། རྒྱུད་ཁུངས་དེའི་སྟེང་སྐར་ཁུང་བཅུ་པ་ལྟར་ལས་སྣོན་འགོ་བཙུགས་བྱེད་ས་དང་ཅོག་ངོས། ལས་སྒྲོམ། གསལ་བརྡ་ (Start Menu, Desktop, Taskbar , Notificaton) བཅས་ཡོད་པ་མ་ཚད། ཨན་ཌོའི་མ་ལག་ནང་ཡིག་ཆ་བཟོ་ཆེད་ཀྱི་ཡིག་ཚང་མཉེན་ཆས་ Microsoft Office བཅུག་ཡོད། མ་ཟད་དུས་རྒྱུན་ཁ་པར་ནས་མཉེན་ཆས་འདྲ་མིན་ཕབ་ལེན་སྒྲིག་འཇུག་ཐུབ་པ་ལྟར་ཁྱེད་ཀྱིས་དགའ་མོས་ཡོད་པའི་མཉེན་ཆས་ཡོད་དོ་ཅོག་གློག་ཀླད་འདི་གའི་ཐོག་བཅུག་ཐུབ།

རྒྱུད་ཁུངས་མ་ལག་ Remix OS འདི་ནི་གུ་གུལ་ཚང་གི་ལས་མི་རྙིང་པ་སྐུ་ཞབས་ Jide གིས་བཟོས་པ་ཞིག་རེད། ལོ་སྔོན་ཚོང་རྭའི་དུས་སྟོན་ཞིག་གི་ཐོག་ཕྲ་མཉེན་ཚང་གིས་གློག་ཀླད་གསར་ཤོས་ Surface Pro འདྲ་བ་ཞིག་འགྲེམས་སྟོན་བྱས་ཡོད། སྐབས་དེར་མི་མང་པོས་དོ་སྣང་བྱེད་གཞི་ཞིག་དང། ཚོང་ལས་སྡེ་ཚན་དང་། མཉེན་ཆས་བཟོ་མཁན། དེ་བཞིན་གུ་གུལ་ཚང་གིས་ཀྱང་བལྟ་རིན་ཡོད་པ་ཞིག་ཆགས་ཡོད།

རྒྱུད་ཁུངས་གསར་པ་དེ་ད་ལྟའི་ཆར་རིན་མེད་དུ་ཕབ་ལེན་དང་སོ་སོའི་གློག་ཀླད་ཆེད་སྒྲིག་འཇུག་ཆོག་པ་བཟོས་ཡོད། རྒྱུད་ཁུངས་འདིའི་དྲ་ཚིགས་ཨ་མ་ནི་ http://www.jide.com

གཤམ་དེར་གློག་ཀླད་ནང་བཅུག་ཟིན་པའི་ Remix OS གྱི་རྣམ་པ་ཞིག

Remix OS དེ་ལ་ཁྱད་ཆོས་དམིགས་བསལ་ཞིག་ཡོད་པ་ནི། རྒྱུད་ཁུངས་མ་ལག་དེ་མཐེབ་སྡེར་(PenDrive)ནང་ཆ་ཚང་སྒྲིག་བྱེད་དེ་གློག་ཀླད་གཞན་གྱི་ནང་ཁ་བསྔོག་ཐུབ་ཀྱི་ཡོད། སྒྲིག་འཇུག་གི་གོ་རིམ་རྒྱུད་དེ་འགྲོ་འདོད་མེད་མཁན་ཚོས་སྐུ་ཞབས་ Jide དང་ཁོང་གི་ལས་གྲྭས་གསར་བཟོ་བྱས་པའི་ Jide Remix Mini Android Desktop PC གྱི་གློག་ཆས་དམིགས་བསལ་ཅན་དེ་ཉོས་ཏེ་རྒྱུད་ཁུངས་མ་ལག་གསར་པ་དེ་ཉམས་སུ་མྱོང་ཆོག


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *