Google Drawing ངོ་སྤྲོད།


ངས་དུས་ཚོད་མི་ཉུང་བ་ཞིག་བཏང་ནས་གུ་གུལ་གྱི་རི་མོ་འབྲི་སའི་ཞབས་ཞུ་ googleDrawings ནང་ཚོད་ལྟ་བྱེར་ཞོར། གུ་གུལ་གྱི་ཞབས་ཞུ་དེས་ངའི་ད་ལྟ་དང་མ་འོངས་ཀྱི་ཇུས་འགོད་ལས་གཞི་ཁག་གི་ནང་ཕན་ཐོག་ཇི་ཙམ་ཐུབ་མིན་དང། གུ་གུལ་རི་མོའི་ཞབས་ཞུ་དེའི་ནུས་པ་ཆ་ཚང་ཞིག་ཤེས་ཐུབ་པ་བྱས་པ་ཡིན།

Google Drawings ཟེར་བའི་ཞབས་ཞུ་དེའི་ཐོག་མར་ཁ་འབྱེད་སྐབས་སྐར་ཁུང་སྟེང་གི་ Paint ཟེར་བའི་མཉེན་ཆས་དེ་དང་འདྲ་པོ་ཡོད། འོན་ཀྱང་དེའི་ནུས་པ་ནི་Paint གི་མཉེན་ཆས་ལྡབ་འགྱུར་གྱིས་ལེགས་པ་འདུག །ལག་ཆ་ཉུང་ཉུང་ཞིག་ལས་མེད་ཀྱང་གང་ཡོད་པ་དེ་དག་སྤྱད་ནས་རི་མོ་དང་མཚོན། དེ་བཞིན་བསམ་ཡུལ་འདས་པའི་ལས་གཞི་མང་པོ་ཞིག་སྒྲུབ་ཐུབ་ཀྱི་འདུག །ཇི་ཙམ་མཉེན་ཆས་དེ་སྤྱད་ཀྱང་དེ་ཚོད་ཀྱིས་རིག་ཤེས་གསར་པ་མང་པོ་འཕེལ་བྱུང་།

ད་ལྟ་ངས་གུ་གུལ་རི་མོའི་ཞབས་ཞུ་དེ་ལས་དོན་མང་པོ་ཞིག་གི་ཆེད་བེད་སྤྱོད་བྱེད་ཀྱི་ཡོད་པ་ནི།
  • དྲ་ཚིགས་ཆེད་དུ་རི་མོ་རང་ངོས་ནས་བཟོ་སྒྲུབ་བྱེད་པ།
  • ལས་རྟགས་དང་། མཐའ་ལྕགས་ཀྱི་རི་མོ་བཟོ་བ།
  • སློབ་ཚན་གྱི་རི་མོ་མི་གསལ་བ་དེ་རིགས་བསྐྱར་དུ་འབྲི་བ།
  • དཔེ་དེབ་ཀྱི་བརྒྱ་ཤ་ཇུས་འགོད།
  • དྲ་ཚིགས་ཀྱི་ཇུས་འགོད་འཆར་གཞི་སྒྲིག་པ་སོགས་བེད་སྤྱོད་ཀྱི་གཞི་རྒྱ་ཇི་ཆེར་གཏོང་བཞིན་ཡོད།
  • སྔར་བྲིས་ཟིན་པའི་རི་མོ་དེ་དག་ཕབ་ལེན་བྱས་ཏེ་ Illustrator དང་ Flash, དེ་བཞིན་Photoshop སོགས་ཀྱི་སྟེང་སྒྲིག་བཟོ་བྱེད་རྒྱུ་ཡང་འདུག
Google Drawings སྤྱད་པའི་དམིགས་གསལ་གྱི་དགེ་མཚན་མང་པོ་ལྡན་འདུག་པ་གཤམ་གསལ།
  • རི་མོ་རྣམས་ Vector གི་རྣམ་པའི་ཐོག་ཉར་ཚགས་བྱེད་ཀྱི་ཡོད་པར་བརྟེན། ཡིག་ཆའི་སྤུས་ཚད་མཐོ་ཤོས་ཡིན་ཁར་ལྗིད་ཚད་ཧ་ཅང་ཆུང་བའི་དྲ་ཚིགས་ཁག་ཏུ་སྤེལ་རྒྱུར་མཁེ་ཕན་འདུག
  • Google Drawing ནང་གི་རི་མོར་འགྱུར་བ་ཏང་ན་དྲ་ཚིགས་གཞན་དུ་བཀོད་ཡོད་པའི་རི་མོ་དེ་དག་རང་བཞིན་གྱིས་འགྱུར་བ་འཐེབ་ཐུབ།
  • གློག་ཀླད་སོགས་ཀྱི་ནང་མཉེན་ཆས་གང་ཡང་བཅུག་མི་དགོས་པར་དྲ་ཐོག་སྒང་ནས་རི་མོ་འབྲི་ཐུབ།
  • རི་མོ་འབྲི་སའི་ཤོག་ངོས་གཅིག་གི་སྟེང་མི་མང་པོ་མཉམ་རུབ་(collaboration)ཀྱི་རི་མོ་འབྲི་བའམ། རེའུ་མིག་བཀོད་པ། བསམ་ཚུལ་བརྗེ་ལེན་བྱེད་པ་སོགས་བྱེད་རྒྱུའི་མཐུན་རྐྱེན་ཡོད།

དཔེ་མཚོན་ཆེད་གཤམ་གྱི་རི་མོ་རྣམས་googleDrawings སྤྱད་ནས་བཟོ་པ་ཡིན།

Google Drawing སྤྱད་དེ་མི་ཏོག་གི་རི་མོ་ཞིག་འབྲི་ཁུལ།
Google Drawing སྤྱད་དེ་མཚམས་ཤོག་སོགས་ཀྱི་ཟུར་དུ་འཇོག་རྒྱུའི་མཐའ་ལྕགས་སྒྲིག་ཡོད་པ་ཞིག
Google Drawing སྤྱད་དེ་ཚན་རིག་དཔེ་དེབ་ནང་གི་རི་མོ་བསྐྱར་འབྲི་བྱས་པ་ཞིག
Google Drawing སྤྱད་དེ་རྨུ་ཐག་ཟེར་བའི་ལས་རྟགས་ཞིག་བསྐྱར་སྒྲིག་བྱས་པ།
Google Drawing སྤྱད་དེ་མཚམས་ཤོག་དང་། ལས་ཤོག ངོ་སྤྲོད་བྱང་བུ་སོགས་སྒྲིག་ཐུབ།
Google Drawing སྤྱད་དེ་དྲ་ཚིགས་གསར་པའི་ཇུས་འགོད་རི་མོ།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *