དྲ་ཚིགས་ཀྱི་ངོས་སུ་འགུལ་རིས་ཀྱི་དཔར་འཇོག་སྟངས། [བརྙན་ཟློས།]

དྲ་ཚིགས་ཀྱི་གཡས་གཡོན་དང་དེ་བཞིན་རྩོམ་ཡིག་གི་ནང་དོན་དུ་འགུལ་རིས་ཀྱི་འདྲ་དཔར་འཇོག་སྟངས་སྟབས་བདེ་ཞིག་གཤམ་གྱི་བརྙན་ཟློས་ནང་སྟོན་ཡོད།



སྤྱིར་བཏང་དྲ་ཚིགས་ནང་འདྲ་དཔར་བརྗེ་པོ་རང་འགུལ་གྱིས་བརྒྱག་མཁན་དེ་དག་ཕལ་ཆེ་བ་ Javascript དང་ HTML, CSS སོགས་སྤྱད་དེ་བཟོས་པ་ཞིག་ཡིན། འོན་ཀྱང་གཤམ་ལ་སྟོན་པའི་ཐབས་ཤེས་དེས་ HTML དང་ Javascript སོགས་གང་ཡང་སྤྱད་མི་དགོས། ཐབས་ཤེས་དེའི་ནང་ང་ཚོས་ google Presentation ཟེར་བའི་གུ་གུལ་གྱི་ཞབས་ཞུ་དེ་སྤྱད་དེ་སོ་སོའི་དྲ་ཚིགས་ནས་འཇོག་སྟངས་སྟོན་ཡོད། གུ་གུལ་གྱི་ཞབས་ཞུ་བེད་སྤྱོད་གཏོང་མི་ཐུབ་མཁན་ཚོས། ཕྲ་མཉེན་ཚང་གི་དྲ་ཐོག་ཞབས་ཞུ་ www.office.com ནས་ཀྱང་དྲ་ཐོག་གི་ PowerPoint ཞབས་ཞུ་དེ་སྤྱད་དེ་གཤམ་འོག་གི་བརྙན་ཟློས་ལྟར་བྱེད་ན་ཡོང་ཐུབ།

གུ་གུལ་དང་ཕྲ་མཉེན་ཚང་གི་ PowerPoint ཡིག་ཆའི་ནང་བོད་ཡིག་ཡེ་གེ་དེ་དག་སྐབས་རེ་ཡག་པོ་ཡོང་གི་མིན་འདུག །དེར་བརྟེན་སྐབས་ཕྲལ་ཐབས་ཤེས་གཅིག་ཡོད་པ་ནི་བོད་ཡིག་ཡི་གེ་PNG འདྲ་དཔར་གྱི་རྣམ་པའི་ཐོག་འཇོག་ན་འགྲིག །དེ་མིན་གྱི་ཐབས་ཤེས་གཞན་ཡང་ཡོད་སྲིད་པས་ཁྱེད་ཀྱིས་བརྟག་པར་འཚལ།
གོང་གི་འགུལ་རིས་ཀྱི་དཔར་དེ་དྲ་ཚིགས་ཀྱི་ཟུར་དུ་འཇོག་ཟིན་པའི་དཔེ་མཚོན་ལ་གཟིགས་ན། འདིར་གཟིགས།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *