ཨན་ཌོའི་མཉེན་ཆས་རྣམས་ལ་ཟྭ་ལྕགས་བརྒྱག་ཆེད།

Leo Privacy - Applock ནི་ཨན་ཌོའི་མཉེན་ཆས་ཤིག་ཡིན་པ་དང་། མཉེན་ཆས་དེས་སོ་སའི་ཁ་པར་ནང་དུ་ཡོད་པའི་མཉེན་ཆས་གཞན་རྣམས་ལ་ཟྭ་ལྕགས་བརྒྱག་ཆེད་ཅིག་ཡིན།

འཕྲིན་ཕྲན་དང་། whatsApp , ངོ་དེབ་དང་ཝི་བྷོ་སོགས་སྤྱི་ཚོགས་དྲ་འབྲེལ་གྱི་མཉེན་ཆས་མི་ཉུང་བ་ཞིག་ཁྱེད་ཀྱི་ཁ་པར་ནང་བཅུག་ཡོད། གལ་ཏེ་དེ་དག་ལ་གསང་ཟྭ་མེད་ན་སྐབས་འགར་མཉེན་ཉེ་གྲོགས་པོ་དང་། དེ་བཞིན་འབྲེལ་མེད་ཀྱི་མི་གཞན་གྱིས་ཁྱེད་ཀྱི་ཁ་པར་ནང་ལས་ལྷ་པོས་ལྟ་ཐུབ། གལ་ཏེ་སྔོན་ཚུད་ནས་ Leo Privacy ལྟ་བུའི་མཉེན་ཆས་དེ་ཁྱེད་ཀྱི་ཁ་པར་ནས་བཅུག་ཏེ་སྤྱི་ཚོགས་ཀྱི་འབྲེལ་འདྲིས་མཉེན་ཆས་དེ་དག་ལ་ཟྭ་བརྒྱག་ཡོད་ན། མི་དེ་དག་གིས་ཁ་པར་ལ་ལག་པ་འཆང་བ་ལས་དེའི་ནང་ངོས་ཀྱི་ཡིག་ཆ་དང་སྐད་ཆ་རྣམས་གསང་བའི་ཐོག་གནས་ཐུབ་པ་ཡིན།

གཤམ་འདིར་སྐུ་ཞབས་ཚེ་རིང་ཆོས་རྒྱལ་ལགས་ཀྱིས་མཉེན་ཟློས་ལམ་ནས་མཉེན་ཆས་འདི་ཁ་པར་ནང་སྒྲིག་བཅུག་བྱེད་སྟངས་གསལ་པོ་སྟོན་ཡོད།

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག