Adharsha དམ་ཆོས་བང་མཛོད།

དྲ་གནས་ཨ་མ། http://adarsha.dharma-treasure.org

དུས་རབས་དང་མཐུན་པའི་བཀའ་བསྟན་ཡོད་དོ་ཅོག་དྲ་འཕྲིན་དང་གློག་འཕྲུལ་ཁག་ནས་ལྟ་ཐུབ་པའི་དམ་ཆོས་བང་མཛོད་ Adarsha ཟེར་བའི་ལེགས་སྦྱར་གྱི་མིང་བྱང་ཐོག་བཟོས་ཡོད། མཉེན་ཆས་ཡིག་ཆ་དེའི་འདྲ་བཤུས་ཤིག་གུས་པའི་ལག་པར་རགས་པ་དང་ལམ་སེང་ཁྱེད་རྣམ་པའི་ཆེད་འདིར་ཕབ་ལེན་དུ་འཇོག་ཡོད། མཉེན་ཆས་ཡིག་ཆ་ཆ་ཚང་ལ་ 15GB ཙམ་རེད་འདུག །དྲ་ཐོག་ནས་མཉེན་ཆས་ལྗིད་ཁོག་ཆེན་པོ་དེ་འདྲ་གཏོང་ལེན་བྱེད་རྒྱུ་ཁག་པོ་རེད། དེར་བརྟེན་མཉེན་ཆས་ནང་ལོག་གི་ཡིག་ཁུག་ /adarsha_img/ ཟེར་བ་ 12GB ཅན་ཡོད་འདུག་པ་དེ་གསུབ་སྟེ་བེད་སྤྱོད་ཡོང་བའི་ 292MB ཐོག་བཟོ་ཐུབ་པ་བྱུང་།

མཉེན་ཆས་ཁ་འབྱེད་སྟངས།

སྐར་ཁུང་བེད་སྤྱོད་གནང་མཁན་ཚོས་ཡིག་ཁུག་ཁ་ཕྱེ་སྟེ་ adarsha2016.exe ཐོག་ཉིས་སྡེབས་གནང་རོགས།
ཀུ་ཤུ་གློག་ཀླད་སྤྱོད་མཁན་ཚོས་ཡིག་ཁུག་ཁ་ཕྱེ་སྟེ་ adarsha2016.command ཐོག་ཉིས་སྡེབས་གནང་རོགས།

མཉེན་ཆས་དེའི་ཁྱད་ཆོས།

མཉེན་ཆས་དེ་སྐར་ཁུང་དང་ཀུ་ཤུ་གློག་ཀླད་གཉིས་ཀ་ནང་ནས་ཐད་ཀར་ཁ་ཕྱེ་ནས་ལྟ་ཐུབ། དེར་སྒྲིག་འཇུག་འགོ་རིམ་གང་ཡང་འགྲོ་མི་དགོས། ཀུ་ཤུའི་ལག་འཕྲུལ་སྤྱད་མཁན་ཚོས་ལག་འཕྲལ་གྱི་ཆེད་AppStore རྒྱུད་ནས་སོ་སོའི་ ipad དང་ iphone ནང་སྒྲིག་འཇུག་བྱེད་རྒྱུ་ཡོད། དྲ་རྒྱའི་མཐུན་རྐྱེན་ལེགས་པོ་ཡོད་མཁན་ཚོས་དྲ་གནས་ཨ་མ། http://adarsha.dharma-treasure.org/ རྒྱུད་དྲ་ཐོག་ནས་ཀྱང་ལྟ་རྒྱུ་འདུག

Adarsha ཁ་ཕྱེ་སྐབས་སྡེ་ཚེན་ཆེ་བ་གསུམ་དུ་འཇོག་ཡོད། བཀའ་དང་། བསྟན་དང། བོད་མ་ཟེར་འཇོག་ཡོད།
བཀའ་ཆ་ཚང་ལྗང་བཀའ་འགྱུར་ལ་གཞི་བྱས་ཏེ་བཀའ་འགྱུར་ཆ་ཚང་ཡོད། བསྟན་དང་བོད་མའི་ནང་ད་ལྟ་ཚན་པ་གཅིག་ལས་མེད། མ་འོངས་དེའི་ཐོག་ཁ་སྣོན་བྱེད་རྒྱུའི་འཆར་གཞི་ཡོད།

བཀའ་བསྟན་ནང་ངོས་སུ་ནང་གསེས་ཁ་གསལ་ཡོད་པ་དང་། ལྟ་ཀློག་དཔྱད་བསྡུར་བྱེད་བདེ་པོ་བཟོས་ཡོད།
ཕྱི་རྒྱལ་ནང་བསྟན་ལ་དཔྱད་ཞིབ་ལ་མཁོ་བ་རྣམས་ཀྱི་ཆེད་ཡིག་འབྲུ་རྣམས་ wylie ཐོག་ལྟ་ཀློག་དང་། འཚོལ་བཤེར་བྱེད་སྟངས་རྒྱས་པོ་འདུག །

ལས་འཆར་འདིའི་གོམ་པ་དང་པོ་བཙུགས་ཟིན་པ་དང། མ་འོངས་ལས་འཆར་དེ་མུ་མཐུད་རྒྱ་བསྐྱེད་དང་། བཀའ་བསྟན་ཡོད་དོ་ཅོག་དེང་དུས་འཕྲུལ་རིས་ལག་རྩལ་ཐོག་ལྟ་ཀློག་ཐུབ་པ་བྱེད་རྒྱུ་ཡིན་འདུག

མཉེན་ཆས་ཕབ་ལེན།

མཉེན་ཆས་དངོས་དེ་ལ་ཡིག་ཆ་ཆེ་ཆུང་ནི་ 15GB ཡིན་པ་དང། དེའི་ནང་གི་དཔེ་མ་རྣམས་འདྲ་དཔར་ཚད་མཐོ་པོ་བཞག་འདུག །འདིར་གུས་པས་དྲ་ཐོག་ནས་ཚང་མས་ཕབ་ལེན་བདེ་བའི་ཆེད་དཔར་གྱི་མ་དཔེ་དེ་དག་གཡུག་ཏེ་སྤྱི་ཡོངས་ཀྱི་ཡིག་ཆ་ཆུང་དུ་བཏང་ཡོད་པས་སུས་ཀྱང་ཕབ་ལེན་ཐུབ་པའི་རེ་བ་ཡོད།

ཡིག་ཆ་ཆེ་ཆུང། 292 MB
Adarsha2016.zip

ཕབ་ལེན་དྲ་གནས་གསུམ་(gDrive, Mega, Baidu) འཇོག་ཡོད་པ་ལས་གང་རུང་གཅིག་ནས་ལེན་ན་འགྲིག

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག