ཁ་པར་ཨང་སྤོ་བཤུ་བྱེད་སྟངས།ང་ཚོས་ཁ་པར་གསར་པ་ཉོས་པའི་སྐབས་ཁ་པར་རྙིང་པའི་ནང་ཡོད་པའི་ཁ་པར་ཨང་གྲངས་རྣམས་ཚུར་ལེན་དགོས་ཀྱི་ཡོད། མི་མང་པོས་ཁ་པར་ཨང་གྲངས་དེ་དག་རེ་རེ་བྱས་ནས་བསྐྱར་ཏུ་བརྒྱག་ནས་ཉར་བའི་རྒྱུད་རིམ་རིང་པོ་ཞིག་རྒྱུད་ནས་འགྲོ་སྲིད། འདིར་སྐུ་ཞབས་ཚེ་རིང་ཆོས་རྒྱལ་ལགས་ཀྱིས་ཉེ་ཆར་བཟོས་པའི་བརྙན་ཟློས་འདིའི་ནང་ཁ་པར་ཨང་གྲངས་རྣམས་ཁ་པར་གཅིག་ནས་ཁ་པར་གཞན་ཞིག་གི་ཐོག་དུས་གཅིག་ལ་ལེན་ཐུབ་པའི་དཔེ་སྟོན་བྱེད་ལུགས་གསལ་བར་འགྲེལ་བརྗོད་བྱེད་འདུག་ངེས་པར་གཟིགས་དགོས་པ་ཞིག་མཐོང་།

ཁོང་གིས་ཁ་པར་མི་འདྲ་པ་གཉིས་སྤྱད་ཡོད་པ་ལས། ཁ་པར་དང་པོ་ཁ་བསྔོགས་ནས་ཁ་པར་ཨང་གྲངས་རྣམས་ Contacts.cvf ཡིག་ཆའི་རྣམ་པའི་ཐོག་གསོག་ཆས་ SDcard ནང་ཕབ་ཡོད། འགྲོ་ལུགས་ནི་ཁ་པར་ཨང་གྲངས་འཆར་སའི་སྟེང་ནས་འདེམས་ག་ཚགས་གསུམ་བྱེད་པ་  ⋮ དེ་གནོན་ནས་ Contact > Import/Export Contacts >Export to SDcard ཐོག་གཞུས།

Contacts.cvf ཡིག་ཆ་དེ་ཁ་པར་གཉིས་པར་(ཁ་པར་གསར་པ་ཡིན་ཁུལ་)བཏང་ནས་ཁ་ཕྱེད་དགོས། འགྲོ་སྟངས་ནི་ཁ་པར་ཨང་གྲངས་འཆར་སའི་སྟེང་ནས་འདེམས་ཚགས་གསུམ་ ⋮ ཡོད་པ་དེའི་ཐོག་གནོན་པའམ་ཡང་ན་ཁ་པར་འོག་དེ་ནས་འདེམས་གར་ ≡  གནོན་ནས་ Contact > Import/Export Contacts >Import from SDcard ཐོག་གཞུས་དང། ཁ་པར་ཨང་གྲངས་ནས་བཤུ་ལེན་དུས་གཅིགལ་བྱེད་ཐུབ་ཡིན།

བརྙན་ཟློས་ལ་གཟིགས་པར་ཞུ།

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག