ལག་ཐོག་ཁ་པར་ནང་དྲ་རྒྱའི་བེད་སྤྱོད་ཚད་གཞི་ཚོད་འཛིན་བྱེད་ཐབས།


དྲ་རྒྱའི་མཐུན་རྐྱེན་ཇི་བཟང་དུ་འགྱུར་བའི་ད་ལྟའི་དུས་སྐབས་སུ་ང་ཚོ་ཚང་མས་ལག་ཐོག་ཁ་པར་གྱི་བརྡ་རྟགས་ (Mobile Data) སྤྱད་ནས་དྲ་ཐོག་ཏུ་ལས་ལྷ་པོར་བཞུགས་ཐུབ་ཀྱི་ཡོད། འོན་ཀྱང་སྤྲོ་སྣང་ཆེན་པོས་དུས་ཡུན་མང་པོ་དྲ་མྱུལ་བྱེད་མཐར་བློ་ཡུལ་ལས་འདས་པའི་གནས་ཚུལ་གཅིག་ཡང་ཡང་འཕྲད་སྲིད། དེ་ནི་དྲ་རྒྱའི་ཚད་གཞི་(Data Balance)རྫོགས་པ་ཧ་མ་གོ་བ་མ་ཟད་ད་དུང་ལག་ཐོག་ཁ་པར་གྱི་མ་དངུལ་ལས་འཐེན་ཏེ་སྒོར་ཟུར་ཀླད་ཀོར་ཀླད་རྐྱང་ཆགས་པའི་གནས་སྟངས་དེ་རེད།

གནས་སྟངས་དེ་འཕྲད་མཁན་ཚང་མ་ཧུ་དང་ཧུ་ཟེར་འདང་རྒྱག་དགོས་པ་ཆགས་ཀྱི་ཡོད། ང་ཡང་དེ་སྔ་དེའི་གྲལ་གཅིག་རེད། འོན་ཀྱང་ད་ནས་བཟུང་དེ་ལྟར་འདང་བརྒྱག་མི་དགོས་ལ་སྒོར་ཟུར་སྐར་གང་ཡང་འཕྲོག་བརླག་ཏུ་མི་འགྲོ་བ་ཆགས་ཟིན། དེའི་རྒྱུ་མཚན་ནི་ངས་ལག་ཐོག་ཁ་པར་གྱི་དྲ་རྒྱའི་བེད་སྤྱོད་ཚད་གཞི་ལ་བཀོལ་འདོམས་བྱེད་ཐུབ་པའི་རྒྱུ་མཚན་ཡིན།

འགྲོ་སྟངས།

  1. ལག་ཐོག་ཁ་པར་གྱི་བཀོད་སྒྲིག་སྡེ་ཚན་ Setting ནང་ངོས་དྲ་རྒྱ་བེད་སྤྱོད་ཚད་གཞི་ Data Usage ཟེར་བ་དེ་ལ་གཅིག་གནོན། དེ་ནས་གཤམ་དཔེ་རིས་ལྟར་ཤར་ངེས།
  2. དཔེ་རིས་ལས་གལ་ཏེ་ Set mobile data limit ཟེར་བ་དེ་ཡོད་ན། དེ་འདེམས།
  3. དེ་ནས་དྲ་རྒྱའི་བེད་སྤྱོད་ཚད་གཞི་སྒྲིག་ཐུབ་པའི་དམར་ཐིག་དང་ལི་ཝང་གི་ཐིག་གཉིས་འཆར་ངེས།
  4. ལི་ཝང་མདོག་གི་ཐིག་དེས་དྲ་རྒྱའི་བེད་སྤྱོད་ཚད་གཞི་ལ་སྔོན་བརྡ་གཏོང་ཆེད་ཡིན། དཔེར་ན། གཤམ་གྱི་དཔེ་རིས་ལས་དྲ་རྒྱ་ 1.2GB སྤྱད་ན་སྔོན་བརྡ་གཏོང་ཐུབ།
  5. ཐིག་དམར་པོ་དེས་དྲ་རྒྱ་བེད་སྤྱོད་རྫོགས་པའི་ཚད་སྒྲིག་ཐུབ། དཔེར་ན་དཔེ་རིས་ལས་གལ་ཏེ་དྲ་རྒྱ་ 1.8GB སྤྱད་ཟིན་པ་དང་། དྲ་རྒྱ་རང་འགུལ་གྱིས་འགག་འགྲོ་བ་བཟོ་ཐུབ།
འདིར་སེམས་ལ་བཟུང་དགོས་པ་ནི། སོ་སོའི་ལག་ཐོག་ཁ་པར་ནང་དྲ་རྒྱའི་ཚད་MB འམ་ GB ཇི་ཙམ་ཡོད་མེད་ངེས་པར་དུ་ཤེས་དགོས། གོང་འོག་གི་དཔེ་མཚོན་ནང་ངས་དམར་ཐིག་དེ་ 1.8GB ལ་སྒྲིག་ཡོད་པ་ནི་ངའི་ཁ་པར་ནང་ 2GB གྱི་དྲ་རྒྱའི་ཚད་ཡོད་པའི་དབང་གིས་ཡིན།

ཁ་པར་ནང་དྲ་རྒྱ་བེད་སྤྱོད་ཚད་གཞི་སྒྲིག་པའི་དཔེ་མཚོན་ཞིག
དཔེ་མཚོན་དེའི་ནང་རང་ཉིད་ལ་ 2GB གི་དྲ་རྒྱའི་ཚད་གཞི་ཡོད་ཁུལ་དང། དྲ་རྒྱ་བརྡ་རྟགས་སྤྱད་དེ་ 1.2GB ལ་སླེབས་མ་ཐག་ཉེན་བརྡ་གཏོང་བ་དང། ད་དུང་མུ་མཐུད་དེ་ཁ་པར་གྱི་བརྡ་རྟགས་སྤྱད་དེ་ 1.8GB ལ་སླེབས་ན་དྲ་རྒྱ་རང་འགུལ་གྱི་ཆད་རྒྱུ་ཡོད་པ་བཟོ་ཁུལ། གོང་གི་ཚད་ཐིག་དམར་པོ་དང་ལི་ཝང་གཉིས་མཛུབ་མོས་ཡར་འཐེན་མར་འཐེན་བྱས་ནས་སྒྲིག་རྒྱུ་ཡོད།

གལ་ཏེ་ཁྱེད་ཀྱང་དེ་ཇི་ལྟར་བྱེད་དགོས་མིན་ཤེས་འདོད་ན་གཤམ་ལ་དྲ་གྲོགས་ཚེ་རིང་ཆོས་རྒྱལ་ལགས་ནས་བརྙན་ཟློས་ལམ་ནས་འགྲེལ་བཤད་བྱས་པ་དེ་ལ་ཐེངས་གཅིག་གཟིགས་ལ་ཚེགས་མེད་དུ་ཤེས་ཐུབ།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *