མཆར་ངོས་འོད་མདངས་གནད་དོན་སེལ་བ།


སྐར་ཁུང་བདུན་པ་དང། བརྒྱད་པ། དེ་བཞིན་སྐར་ཁུང་བཅུ་པའི་མ་ལག་རིམ་སྤར་བྱེད་པའི་སྐབས་དང། རིམ་སྤར་མ་བྱས་པའི་ཐོག་མའི་སྐབས་སུ་གློག་ཀླད་ཀྱི་འཆར་ངོས་འོད་མདངས་དེ་ཆེ་ཆུང་གཏོང་མི་ཐུབ་པ་འགྱུར་བའི་གནད་དོན་ཡང་ཡང་འཕྲད་ཀྱི་ཡོད། དྲ་གྲོགས་ཚོས་གནད་དོན་དེ་དང་འབྲེལ་བའི་བརྙན་ཟློས་ཤིག་བཟོ་བའི་རེ་བསྐུལ་བྱས་པ་ལྟར་གཤམ་དེར་གནད་དོན་དེ་སེལ་བའི་འགྲོ་ལུགས་གཤམ་གྱི་བརྙན་ཟློས་ལ་གཟིགས་པར་འཚལ།

སྐར་ཁུང་གི་ Control Panel ནས་ Device Manage འཚོལ་ཏེ་ཁ་ཕྱེ་དགོས། དེ་ནས་ Display Adapter  དེ་ནས་ Intle HD Graphics ལ་གནོན་དགོས།
དེའི་རྗེས་དེའི་ཐོག་ཙི་ཙི་གཡས་པ་གནོན་ནས་འདེམས་ཀ་ནས་ Update Drive Software གནོན་དགོས།
དེ་ནས་ "Browse my computer for driver software"
དེ་རྗེས་ "Let me pick from a list of device drivers on my computer"
དེ་ནས་ "Microsoft Basic Display Adapter" འདེམས་ན། གློག་ཀླད་ཀྱི་འཆར་མདངས་དེ་ཆེ་ཆུང་གཏོང་རྒྱུ་ཡོད་པ་ཆགས་ཐུབ་བོ།

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག