Xiaomi Mi Band ཅ་དངོས་ཁ་ཕྱེ་སྟོན།


ཞའོ་མྀ་ཀུང་སིའི་(company)ཐོན་རྫས་གསར་པ་ Mi Band ལག་སྒྲོག་ནི་མི་སྒེར་སོ་སའོ་གཟུགས་པོའི་ལུས་ཁམས་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་གྲངས་ཐོ་ཉར་ཚགས་དང་ཚད་འཛིན་བྱེད་ཆས་ལེགས་པོ་ཞིག་ཡིན། Mi Band ལག་སྒྲོག་དེ་ནི་ཀུང་སི་གཞན་གྱིས་བཟོས་པའི་ལག་སྒྲོག་ལས་སྟབས་བདེ་བ་དང་། ལུས་དབུགས་འགུལ་སྐྱོད་ཀྱི་གྲངས་ཐོ་ལོན་བདེ་བ། རིན་གོང་ཡང་ཧ་ཅང་ཆུང་ཞིག་ཡིན།

ལག་སྒྲོག་དེའི་ནང་ཁྱེད་ཀྱི་ཉིན་རེའི་གོམ་གྲོས་རྒྱང་ཐག་ཇི་ཙམ་བཅད་ཡོད་མེད་དང། ལུས་སྦྱོང་དང་རྒྱུག་ཤར་བྱས་ཏེ་ལུས་པོའི་ Calorie ནུས་པ་ཇི་ཙམ་སྤྱད་པ། དེ་བཞིན་གཉིད་ཇི་ཙམ་དང་བདེ་ལོས་ཁུག་པ་སོགས་གྲངས་ཐོ་ཉར་ཚགས་ཐུབ་རྒྱུ་ཡོད། གྲངས་ཐོ་དེ་དག་ལྟ་བདེ་བའི་ཆེད་སོ་སོའི་ཁ་པར་ནང་ Mi མཉེན་ཆས་རྒྱུད་ད་དུང་གྲ་རྒྱས་པ་ལྟ་ཐུབ་རྒྱུ་ཡོད། སོ་སོའི་ལུས་པོའི་འཕྲོད་བསྟེན་ལ་དོ་སྣང་ཡོད་མཁན་ཀུན་ལ་མཁོ་བའི་ལག་སྒྲོག་སྙིང་རྗེ་པོ་ཞིག་རེད་འདུག

གཤམ་དེར་སྐུ་ཞབས་པ་སངས་ཀྱི་བསྐུར་བའི་ཅ་དངོས་གསར་པ་ངོ་སྤྲོད་བྱེད་པ་དེ་ལ་གཟིགས་རོགས།

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག