Xiaomi གློག་གསོག་ 20000mAh ཅན་ངོ་སྤྲོད།


འཕྲུལ་རིག་ལག་རྩལ་གོང་མཐོར་སོང་བ་དང་དུས་མཚུངས་དེང་གི་ཆར་ང་ཚོས་ལག་ཐོག་ཏུ་འཁུར་བདེ་བའི་གློག་ཆས་ཆེ་ཆུང་འདྲ་མིན་མང་པོ་ཞིག་བེད་སྤྱོད་བྱེད་ཀྱི་ཡོད། འོན་ཀྱང་གློག་ཆས་ཆེ་ཆུང་དང་སྙིང་རྗེ་མོ་ཇི་ལྟར་ཡོད་རུང་། དེ་དག་ལ་གཅིག་འགྱུར་གི་དཀའ་གནད་གཅིག་འཕྲད་བཞིན་པ་ནི་གློག་ཆས་དེ་དག་གི་གློག་མེ་འདང་ཚད་རིང་པོ་མེད་པ་དེ་རེད། གསར་དུ་བཟོ་བསྐྲུན་བྱེད་པའི་ཁ་པར་རེ་གཉིས་ཞིག་མ་གཏོགས་ང་ཚོས་ཉིན་ལྟར་བེད་སྤྱོད་བྱེད་བཞིན་པའི་ཁ་པར་དེ་དག་ལ་གློག་མེའི་དཀའ་ངལ་མུ་མཐུད་ནས་ལྷག་ཡོད།


དེར་བརྟེན་ཐབས་ཤེས་གཅིག་ཡོད་པ་ནི། གློག་མེ་གསོག་ཆས་ PowerBank ཟེར་བའམ་སྐམ་གློག་ཉོ་རྒྱུ་ཡོད། སྐམ་གློག་གམ་གློག་མེ་གསོག་ཆས་དེ་དག་གློག་མེ་གཤོང་ཚད་ནི་ mAh ཐོག་ཚད་འཇལ་བྱེད་ཀྱི་ཡོད། བཟོ་གྲྭ་མི་འདྲ་བ་སོ་སོས་གློག་མེ་གསོག་ཆས་འདྲ་མིན་བཟོ་ཚོང་བྱེད་ཀྱི་ཡོད་པས་ཁྲོམ་རྭའི་ཐོག་ལས་ལྷ་པོའི་ངང་ཉོ་ཐུབ། འོན་ཀྱང་དངོས་གནས་དང་རྫུས་མའི་ཅ་དངོས་ངོ་ཤེས་ཐུབ་པ་བྱེད་རྒྱུ་དེ་ཡང་གལ་ཤིན་ཏུ་ཆེ།

གཤམ་འདིར་སྐུ་ཞབས་པ་སངས་ལགས་ནས་ཁོང་གིས་ཉེ་ཆར་དྲ་ཐོག་ནས་མངགས་ནས་ཉོས་པའི་ Xiaomi གློག་གསོག་ 20000mAh ཅན་དེ་སྒམ་ཤོག་བསྔོག་ནས་ཁྱེད་ཅག་ཕྱེ་སྟོན་དང་། དེ་ནས་ཅ་ལག་དངོས་རྫུན་ཇི་ལྟར་ལྟ་དགོས་མིན་ཡང་འགྲེལ་བརྗོད་གསལ་པོ་གནང་བ་འདིར་གཟིགས་པར་ཞུ།
 

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག