ཁ་པར་ནང་གློག་བརྙན་ཕབ་ལེན་བྱེད་ཐབས།


དྲ་གྲོགས་མང་པོས་ངོ་དེབ་དང་དེ་མིན་གྱི་སྤྱི་ཚོགས་དྲ་གནས་ཁག་ནས་བརྙན་ཐུང་དང་གློག་བརྙན་དེ་དག་ཇི་ལྟར་ཕབ་ལེན་ཐུབ་མིན་གྱི་དྲི་བ་མང་པོ་ཞིག་ཡོང་གི་འདུག་པས། སྤྱི་ཚོགས་དྲ་གནས་རེ་རེ་ནས་བརྙན་ཐུང་དེ་དག་ཇི་ལྟར་ཕབ་ལེན་བྱེད་དགོས་མིན་སྐོར་འགྲེལ་བརྗོད་བྱེད་རྒྱུ་ཡོད་ཀྱང་དེ་དག་རེ་རེ་ལ་འགྲེལ་བཤད་རེ་བྱེད་པ་ནི་ངལ་བ་དང་དུས་ཚོད་མང་པོ་འགྲོ་གཞི་ཞིག་ཏུ་མཐོང་། དེར་བརྟེན་དེ་རིང་འདིར་གུས་པས་ཁ་པར་གྱི་མཉེན་ཆས་ snaptube ཟེར་བ་དེ་ངོ་སྤྲོད་བྱེད་འདོད་བྱུང་།


snaptube ནི་ཨན་ཌོའི་མཉེན་ཆས་ཞིག་ཡིན་པ་དང། མཉེན་ཆས་དེའི་རྒྱུད་སྤྱི་ཚོགས་དྲ་གནས་སྐད་གྲགས་ཡོད་པ་ Facebook དང་ twitter, instagram, weibo ནང་གི་བརྙན་ཐུང་རྣམས་ཕབ་ལེན་ཐུབ་པ་མ་ཟད། གློག་བརྙན་གཟིགས་སའི་དྲ་གནས་སྐད་གྲགས་ཡོད་པ་ youtube དང་ youku, vine, dailymotion སོགས་ནས་ཀྱང་བདེ་མྱུར་ངང་ཕབ་ལེན་ཐུབ་ཀྱི་འདུག

མཉེན་ཆས་དེ་ཁ་པར་ནང་འཇུག་རྒྱུར་གུ་གུལ་གཞུང་ཕྱོགས་ཀྱི་ཕབ་ལེན་དྲ་གནས་ Playstore ནས་ཕབ་འཇུག་བྱེད་པའམ་ཡང་དེ་མིན་གྱི་ apps ཕབ་ལེན་བྱེད་སའི་གུ་གུལ་གཞུང་ཕྱོགས་དྲ་ཚིགས་མ་ཡིན་པའི་དྲ་གནས་གཞན་ཁག་ནས་ཀྱང་ལོན་ཐུབ། འདིར་ཁྱེད་ཅག་ལ་སྟབས་བདེ་ཡོང་ཆེད་འོག་ཏུ་ snaptube མཉེན་ཆས་ལེན་སའི་དྲ་ཐག་འགའ་བཀོད་ཡོད་པས། གང་རུང་གཅིག་ནས་ལོན་ཐུབ་པའི་རེ་བ་ཡོད།

བརྙན་ཟློས་ལ་གཟིགས།


ཕབ་ལེན་དྲ་གནས།

ཡིག་ཆ་ཆེ་ཆུང་། 4.41MB

gDrive ནས་ཕབ་ལེན།
https://drive.google.com/file/d/0B8MMtztEVG_FUDBYTnBrckt2ZWs/view?usp=sharing

Baidu ནས་ཕབ་ལེན།
http://pan.baidu.com/s/1c1D4HEg

Mega དྲ་གནས་ནས་ཕབ་ལེན།
https://mega.nz/#!Rkk2xRhQ!dsyIim75Q-u7MazbfQ4xjYPC2Zb5FrbpU3AbbiRBpks


Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག