Google Chromecast 2 ངོ་སྤྲོད་དང་ཕྱེ་སྟོན།


གུ་གུལ་ཚང་གི་ཐོན་ཟོག་གསར་པ་ཁཱོ་རོམ་ཀསེ་ཊི་(Chromecast) ནི་རྒྱུན་པར་སྤྱོད་བཞིན་པའི་ལག་ཐོག་ཁ་པར་རམ་གློག་ཀླད་རིགས་གཟུགས་མཐོང་གློག་འཕྲིན་དང་མཐུད་སྦྱོར་བྱེད་ཆེད་གཅིག་ཡིན། གློག་ཆས་གསར་པ་དེའི་བེད་སྤྱོད་མང་པོ་ཡོད་པ་དཔེར་ན། ལག་ཐོག་ཁ་པར་ནས་གློག་བརྙན་དང་གློག་རྩེད་རིགས་ཐད་ཀར་གཟུགས་མཐོང་གློག་འཕྲིན་ངོས་སུ་འཆར་ཐུབ་པ་དང། youtube དང་ youku སོགས་དྲ་ཐོག་གློག་བརྙན་རྣམས་གཟུགས་མཐོང་གློག་འཕྲིན་ངོས་སུ་ཤར་ཐུབ་པ་སོགས་བྱེད་རྒྱུའི་ཆེད་དུ་ཡིན།


ཁཱོ་རོམ་ཀསེ་ཊི་བེད་སྤྱོད་ཡོང་བར་ཁྱེད་ཀྱི་གཟུགས་མཐོང་གློག་འཕྲིན་ལ་ HDMI མཐུད་ཁ་ཡོད་དགོས།
ཁཱོ་རོམ་ཀསེ་ཊི་ནི་སྐུད་མེད་(wifi)ལམ་ནས་འགྲོ་དགོས་པར་བརྟེན་དཀྱིལ་ལ་ Wife Router དགོས་ངེས།
དེ་ནས་ལག་ཐོག་ཁ་པར་ནང་ངོས་སུ་ཁཱོ་རོམ་ཀསེ་ཊི་ཡི་མཉེན་ཆས་དམིགས་བསལ་དེ་བཅུག་དགོས་པ་དང། མཉེན་ཆས་དེའི་ཐོག་བཀོད་སྒྲིག་ལམ་སྲོལ་ལྟར་བྱས་ན་གཞི་ནས་ཁ་པར་དང་གཟུགས་མཐོང་གློག་འཕྲིན་གཉིས་མཐུད་ཐུབ།
ཁཱོ་རོམ་ཀསེ་ཊི་སྤྱད་དེ་གློག་ཀླད་དང་མཉམ་དུ་མཐུད་སྦྱོར་བྱེད་ཐུབ།

གཤམ་ལ་སྐུ་ཞབས་པ་སངས་ཚེ་རིང་ལགས་ནས་ཁཱོ་རོམ་ཀསེ་ཊི་སྐོར་ལ་རྒྱས་པ་འགྲེལ་བརྗོད་བྱེད་ཡོད་པའི་གློག་བརྙན་འདི་ལ་གཟིགས།

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག