མཐེབ་གཞོང་དང་ཙི་ཙི་ཁ་པར་དང་མཐུད་ཐབས།


ལག་ཐོག་ཁ་པར་ངོས་སུ་ཡི་གེ་མང་པོོ་བརྒྱག་དགོས་བྱུང་ན། ཁ་པར་གྱི་འཆར་ངོས་ཆུང་དྲགས་པའི་རྐྱེན་གྱིས་ལག་པ་དང་མིག་སྟོད་རྒལ་སོགས་ན་དགོས་པ་ཡོང་སྲིད། གནས་སྟངས་དེ་རིགས་འཕྲད་པའི་སྐབས་ཁྱེད་ལ་ཐབས་ཤེས་སྟབས་བདེ་གཅིག་ཡོད་པ་ནི། མཐེབ་གཞོང་དང་ཙི་ཙི་སོགས་སོ་སོའི་ཁ་པར་ལ་མཐུད་དེ་ཡི་གེ་བརྒྱག་ཐུབ་པ་བྱེད་རྒྱུ་དེ་ཡིན།


དེང་གི་ཁ་པར་གསར་པ་ཚང་མས་མཐེབ་གཞོང་དང་། ཙི་ཙི། མཐེབ་སྡེར། དཔར་ཆས། བཤེར་ཆས་སོགས་དང་མཐུད་ཐུབ་པའི་མཐུན་རྐྱེན་ཡོད། མཐུན་རྐྱེན་འདི་ལ་ OTG ཟེར་བ་དང་ཁྱེད་ཀྱི་ལག་ཐོག་ཏུ་ཉར་བའི་ཁ་པར་འདི་ནི་ད་ཆ་གློག་ཀླད་ཀྱི་ནུས་ཚད་དང་ལྡན་པ་ཞིག་ཡོད་པ་ཁྱེད་ཀྱི་ཤེས་སམ།

གཤམ་ལ་སྐུ་ཞབས་ཚེ་རིང་ཆོས་རྒྱལ་ལགས་ནས་བཏང་གནང་བའི་བརྙན་ཟློས་འདི་ནང་ཁ་པར་ལ་སྐུད་མེད་མཐེང་གཞོང་དང་ཙི་ཙི་ (wireless keyboard and mouse) གཉིས་མཐུད་སྟངས་སྟོན་ཡོད་པས་གཟིགས་པར་ཞུ།

དགོས་མཁོ།


  1. ཁྱེད་ཀྱི་ཁ་པར་ལ་ OTG ཟེར་བའི་མཐུན་རྐྱེན་ཡོད་དགོས་པ། ཁ་པར་ཉོ་སྐབས་ངོ་སྤྲོད་ཡི་གེའི་(user manual)ནང་གསལ་ཡོད་ལ། དེ་མིན་དྲ་ཐོག་ནས་འཚོལ་བཤེས་བྱས་ཏེ་ཁྱེད་ཀྱི་ཁ་པར་ལ་OTGཟེར་བའི་མཐུན་རྐྱེན་དེ་ཡོད་མེད་ལྟ་ན་ཤེས་ཐུབ།
  2. OTG ཏར་སྐུད།
  3. སྐུད་མེད་མཐེབ་གཞོང་དང་ཙི་ཅི། (wireless keyboard and mouse) གལ་ཏེ་མཐེབ་གཞོང་གཅིག་པོ་བེད་སྤྱོད་གཏོང་འདོད་ན། སྐུད་ཡོད་USB མཐེབ་གཞོང་སྤྱད་ཀྱང་འཐུས།

བརྙན་ཟློས་ལ་གཟིགས།

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག