Noto སྐད་ཡིག་ཡོངས་རྫོགས་འདུས་པའི་ཡིག་གཟུགས།


ལོ་ཤས་སྔོན་ལག་ཐོག་ཁ་པར་དང་གློག་ཀླད་ནང་རྒྱལ་ཁབ་ཚང་མའི་ཡིག་གཟུགས་མེད་པའི་དབང་གིས་བོད་ཡིག་དང་ཨེ་ཤིའི་རྒྱལ་ཁབ་མང་པོས་རང་རང་གི་སྐད་ཡིག་སྤྱོད་རྒྱུར་བཀག་རྡོ་ཞིག་ཏུ་འགྱུར་ཡོད། དབྱིན་ཡིག་མ་ཡིན་པའི་སྤྱིར་བཏང་གི་དྲ་ཚིགས་སོགས་ལ་བལྟ་སྐབས་ཡི་གེ་རྣམས་ཏོ་ཧྥུ་(tofu)གྲལ་བསྟར་སྒྲིག་པ་ནང་ལྟར་གྲུ་བཞི་གྲུ་བཞི་ཤ་སྟགས་ཤར་གྱི་ཡོད།

དེར་བརྟེན་གུ་གུལ་ཚང་གིས་ལོ་གཅིག་གོང་ནས་གློག་ཆས་ནང་ཡིག་གཟུགས་ཀྱི་གནད་དོན་དེ་ཡོངས་སུ་སེལ་ཆེད། འཛམ་གླིང་ནང་སྐད་ཡིག་ཡོད་དོ་ཅོག་ཚང་བའི་ཡིག་གཟུགས་ཀྱི་ལས་འཆར་ Google Noto Font ཟེར་བ་དེ་སྤེལ་བ་རེད། Noto ཟེར་བའི་མིང་ཚིག་དེ་ནི་ 'No more tofu' ཟེར་བའི་བསྡུས་ཚིག་ལས་བྱུང་། དེ་དོན་ནི་དེ་རིང་ནས་ཏོ་ཧྥུ་མི་དགོས་ཟེར་བའི་དོན་རེད། ད་ལོ་ལས་འཆར་ཆ་ཚང་གྲུབ་ནས་ད་ལྟའི་ཆར་བོད་ཡིག་ཚུད་པའི་རྒྱལ་ཁབ་གཉིས་བརྒྱ་ལྷག་གི་ཡིག་གཟུགས་བཟོས་ཡོད། ཡིག་གཟུགས་དེ་དག་རིན་མེད་ཡིན་ཁར་ཨན་ཌོ་ཁ་པར་བཟོ་མཁན་ཚང་མས་ཁ་པར་དང་གློག་ཆས་ཡོངས་ཀྱི་ནང་བཅུག་རྒྱུའི་ལམ་སྟོན་བྱེད་ཡོད།
ཡིག་གཟུགས་དེ་དག་དྲ་གནས་ https://www.google.com/get/noto/ འདི་ནས་ཕབ་ལེན་བྱེད་རྒྱུ་ཡོད། ཕབ་ལེན་ཟིན་པའི་ཡིག་གཟུགས་དེ་དག་དྲ་ཚིགས་བཟོ་ཆེད་དང་ཡིག་ཆ་དང་གློག་བརྙན། ཁྱབ་བསྒྲགས་སོགས་ཀྱི་ནང་གང་འདོད་དུ་བཀོལ་སྤྱོད་ཆོག་པའི་ཆོག་མཆན་སྤྲད་ཡོད།

གུ་གུལ་གྱིས་ལོ་སྔོན་མའི་ལོ་མཇུག་ཏུ་ཨན་ཌོ་ཐོན་རིམ་དྲུག་པ་མཱར་ཞི་མཱེ་ལོའི་(Marshmellow)ནང་བོད་ཡིག་བཅུག་ཡོད་སྐོར་གྱི་གནས་ཚུལ་དེ་ཡང་ Noto ཡིག་གཟུགས་ལས་འཆར་དེའི་རྒྱུད་ནས་ཐོབ་པའི་གྲུབ་འབྲས་ཤིག་ཀྱང་རེད།

ད་ལྟ་ཁྱེད་ཀྱིས་ཀློག་བཞིན་པའི་ངའི་རྩོམ་ཡིག་དེ་དང་དྲ་ཚིགས་འདིའི་ནང་གི་བོད་ཡིག་ནི་གུ་གུལ་ཚང་གིས་བཟོས་པའི་ Noto Sans Tibetan ཟེར་བ་དེ་བེད་སྤྱོད་བྱེད་བཞིན་པ་ཡིན།

ང་ཚོས་ཤེས་དགོས་པ་ཞིག་ནི། གུ་གུལ་ལ་ཡིག་གཟུགས་དང་འབྲེལ་བའི་ཞབས་ཞུ་གཉིས་ཡོད།
  1. Google Fonts
    • དེ་ནི་གཙོ་བོ་དབྱིན་ཡིག་ཡིག་གཟུགས་འདྲ་མིན་ཕབ་ལེན་བྱེད་ས་རེད།
    • ཡིག་གཟུགས་རྣམ་གྲངས་མང་བ།
    • ཕབ་ལེན་དང་བེད་སྤྱོད་རིན་མེད།
    • ཞབས་ཞུ་དྲ་གནས་ནི་ https://fonts.google.com/
    • གུ་གུལ་ཡིག་གཟུགས་སྐོར་གྱི་རྩོམ་ཡིག
  2. Google Noto Fonts
    • རྒྱལ་ཁབ་སོ་སོའི་སྐད་ཡིག་ཆ་ཚང་འདུས་པའི་ཡིག་གཟུགས།
    • ཨན་ཌོ་གློག་ཆས། སྐར་ཁུང་དང་ལི་ནེཀསི་(Linux)གློག་ཀླད་སོགས་གློག་ཆས་ཡོངས་ཀྱི་ནང་བཅུག་རྒྱུའི་ཆེད།
    • བོད་ཡིག་དང་དབྱིན་ཡིག་རྒྱ་ཡིག་སོགས་འདྲེས་པའི་དྲ་གནས་ཁག་གི་ནང་ཡིག་གཟུགས་ཆེ་ཆུང་འཁོད་སྙོམ་ཐུབ་པ།
གུ་གུལ་གྱིས་བཟོས་པའི་བོད་ཡིག་ཡིག་གཟུགས་ Noto Sans Tibetan དེའི་མཁེ་ཕན་ལེན་ཆེད་གུས་པས་དྲ་ཚིགས་འདིའི་ནང་བཀོལ་སྤྱོད་བྱེད་རྒྱུ་དང་། ཡིག་གཟུགས་འདིས་བོད་ཡིག་དང་དབྱིན་ཡིག་གཉིས་ཆེ་ཆུང་འཁོད་སྙོམ་པོ་ཡོང་གི་འདུག །དེར་བརྟེན་གུས་པའི་ལག་ཐོག་ཁ་པར་ནང་དུའང་ཡིག་གཟུགས་འདི་བཅུག་པ་ཡིན། འདོད་བློ་འཁེངས་པ་ཞིག་འདུག


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *