Posts

Showing posts from October, 2016

Photoshop བོད་ཡིག་བརྩེགས་ལྡོག་ལེགས་པོ་འཆར་ཐབས།

Image
བརྙན་ཟློས་འདིའི་ནང་དྲ་གྲོགས་མང་པོས་ཡང་ཡང་དྲིས་པའི་༼Photoshop བོད་ཡིག་བརྩེགས་ལྡོག་ལེགས་པོ་ཡོང་ཐབས་སྐོར་གྱི་༽དྲི་ལན་གྱི་ཚུལ་དུ་བཀོད་ཡོད། Photoshop ཁ་ཕྱེ་རྗེས་གཤམ་གྱི་རི་མོའི་ནང་གསལ་བ་ལྟར་ Edit > Preference > Middle Eastern and South Asian འདེམས་རྗེས། OKལ་གནོན། དེ་ནས་ Photoshop བསྐྱར་དུ་ཁ་གཅིག་ཕྱེ་དགོས།

དེ་ལྟར་བྱས་རྗེས་Photoshop ནང་བོད་ཡིག་བརྩེགས་ལྡོག་གི་དཀའ་ངལ་དེ་ཡོངས་སུ་སེལ་ཐུབ་བོ།

32GB མཐེབ་སྡེར་རྫུས་མ།

Image
ཉེ་སྔོན་ངའི་རོགས་པ་ཞིག་གིས་མཐེབ་སྡེར་(PenDrive) 32GB ཞིག་དང་ 16GB བྱས་པ་གཉིས་རྫུས་མ་རགས་འདུག་པ་དེ་ངོ་སྤྲོད་ཙམ་དུ།

USB-to-Parallel Printer Cable ངོ་སྤྲོད་དང་མཐུད་སྦྱོར་བྱེད་སྟངས།

Image
དེང་དུས་ཀྱི་ཡིག་པར་འཕྲུལ་ཆས་(Printer)ཆ་ཚང་ USB ལ་ཐད་ཀར་མཐུད་དེ་བེད་སྤྱོད་གཏོང་ཆོག་ཆོག་ལྟ་བུ་རེད། གལ་ཏེ་USBདང་ཐད་ཀར་མཐུད་ས་མེད་ན་ཕལ་ཆེར་ཁྱེད་ཀྱི་སྤྱོད་བཞིན་པའི་ཡིག་པར་འཕྲུལ་ཆས་དེ་རྙིང་པའི་གྲས་ཤིག་ཡིན་སྲིད། ཡིག་པར་འཕྲུལ་ཆས་རྙིང་པ་དེ་དག་སྤྱིར་བཏང་ཆེན་པོ་ཡོད་པ་དང་ཡིག་ཚང་ལས་ལྷན་ཁང་མང་པོའི་བེད་སྤྱོད་མུ་མཐུད་འགྲོ་བཞིན་ཡོད་པ་མཐོང་རྒྱུ་ཡོད། ཡིག་པར་འཕྲུལ་ཆས་རྙིང་པ་དེ་དག་ལ་ Parallel Printer ཟེར་བ་དེ་དག་དེང་དུས་ཀྱི་གློག་ཀླད་གསར་པའི་སྟེང་མཐུད་སྣེ་མེད་པ་ཆགས་ཟིན།

ཡིག་པར་འཕྲུལ་ཆས་རྙིང་པ་དེ་དག་མུ་མཐུད་གློག་ཀླད་གསར་པའི་སྟེང་མཐུད་སྤྱོད་ཐུབ་པའི་ཆེད་ USB-to-Parallel Printer Cable ཟེར་བའི་ཏར་སྐུད་ཞིག་ཁྲོམ་ནས་ཉོ་རྒྱུ་འདུག །ཏར་སྐུད་དེ་ཡིག་པར་འཕྲུལ་ཆས་དང་མཐུད་སྟངས་ཀྱི་འགྲེལ་བཤད་སྟབས་བདེ་ཁ་གསལ་ཞིག་དྲ་ཐོག་ནས་རགས་རྒྱུ་དཀོན་པོ་འདུག་པས་ཉིན་ཤས་ཚོད་ལྟ་བྱས་མཐར་གཤམ་གྱི་བརྙན་ཟློས་དེ་བཟོས་པ་ཡིན།

བརྙན་ཟློས་དེའི་ལམ་ནས་རང་ཉིད་ལ་དྲན་ཐོའི་ཚུལ་དང་ཁྱེད་ཅག་ལ་ཕན་ཐོག་ཡོང་བའི་རེད་བ་ཡོད།
དགོས་མཁོ།ཡིག་པར་འཕྲུལ་ཆས་རྙིང་པ་ཞིག།(Parallel Printer)སྔོན་ལ་ Printer Driver གློག་ཀླད་ནང་བཅུག་ཟིན་དགོས།དེ་ནས་ USB-to-Parallel Printer Cable མཐུད་…