Posts

Showing posts from November, 2016

I Really Know PPT ep.001

Image
I Really Know PPT (ངས་powerpointདངོས་གནས་ཤེས།)

PPT ནི་བསྡུས་ཚིག་ཞིག་ཡིན་པ་དེ་ནི་ Microsoft PowerPoint ལ་གོ། བརྙན་ཟློས་འདི་ཁྱེད་རྣམས་ལ་སྤྱན་འབུལ་ཞུ་དོན་དོན། མི་ཕལ་མོ་ཆེས་ PPT དེ་སློབ་འཁྲིད་དང་། སློབ་སྟོན་གྱི་ཆེད་དུ་བེད་སྤྱོད་གཙོ་བོ་བྱེད་པ་ལས་དེའི་ནུས་པ་ཡོངས་རྫོགས་ཤིག་སྤྱོད་ཐུབ་མེད། PPT མཉེན་ཆས་དེས་ད་དུང་རི་མོ་དང་འདྲ་གཟུགས་སྙིང་པོ་དེ་འདྲ་བཟོ་ཐུབ་པའི་ཁྱད་ཆོས་ལྡན་འདུག །དེ་རིང་ངོ་དེབ་ཐོག་གུ་གུལ་གྱི་ཁྱབ་བསྒྲགས་རི་མོ་ཞིག་མཐོང་བ་དང་དེ་བཟོ་ཐུབ་པའི་དེང་ཚོད་ཅིག་ཁྱེད་ལ་སྟོན་ཁུལ་ལགས།

གལ་ཏེ་ PPT ནང་རི་མོ་བཟོ་སྟངས་ཀྱི་བརྙན་ཟློས་དེ་འདྲ་བལྟ་འདོད་དང་སྦྱོང་འདོད་ཚེ་གཤམ་གྱི་མཆན་ནང་སློབ་འཁྲིད་འདི་རིགས་བཟོ་དགོས་པའི་མཆན་འདྲ་འཇོག་རོགས་གྱིས་དང་། དྲ་གྲོགས་ཀྱི་འདོད་ཕྱོགས་ལ་གཞིགས་ཏེ་རིམ་པས་བརྙན་ཟློས་དེ་རིགས་ཀྱི་ལེ་ཚན་ཞིག་བཟོ་སྒྲིག་བྱས་ཆོག

ཡུ་ཊུབ་ནང་གསར་པ་ཕེབས་མཁན་ཚོས་ SUBSCRIBE གནང་རྒྱུ་དང་རྒྱུད་སྤེལ་གནང་རོགས།

གུས་པའི་དྲ་གནས་གཞན་ཁག་ནི།
www.sonamdawa.com
www.youtube.com/hisonamdawa
www.facebook.com/hisonamdawa

ཀུ་ཤུ་དང་སྐར་ཁུང་གི་མཉེན་ཆས་ནང་བོད་ཡིག་བརྩེགས་ལྡོག་ཡོངས་སུ་སེལ་ཐབས།

Image
Make Tibetan Script Stack Properly in Mac and Window
ཀུ་ཤུ་དང་སྐར་ཁུང་གི་མཉེན་ཆས་ནང་བོད་ཡིག་བརྩེགས་ལྡོག་ལེགས་པོ་འཆར་ཐབས།

སྨོན་ལམ་གསུམ་པའི་མཉེན་ཆས་ཀྱི་ནང་གསེས་སྨོན་ལམ་གཉིས་པ་ཟེར་བ་གཙོ་བོ་སྔགས་ཡིག་འབྲི་རྒྱུའི་ཆེད་གཙོ་བོ་ཞིག་ཡོད་པས་མི་ཕལ་མོ་ཆེས་བེད་སྤྱོད་བྱེད་ཀྱི་མེད། སྨོན་ལམ་གསུཔ་སྔགས་ཡིག་བརྒྱག་ཆེད་ཀྱི་མཐེབ་གཞོང་དེ་སྐར་ཁུང་དང་ཀུ་ཤུའི་གློག་ཀླད་ནང་བོད་ཡིག་ལེགས་པོ་འཆར་ཐུབ་པའི་ཁྱད་ཆོས་དམིགས་བསལ་ཞིག་ལྡན་འདུག །མཐེབ་གཞོང་གི་བརྩེགས་ལྡོག་གནོན་སྟངས་ཏོག་ཙམ་མི་འདྲ་བ་ཞིག་འདུག་ཀྱང་དོ་སྣང་ཡག་པོ་དང་བེད་སྤྱོད་ཐེངས་ཁ་ཤས་ཤིག་བྱེད་དང་ཚེགས་མེད་དུ་མཁྱེན་ཐུབ་པ་འདུག

ངའི་འཚོར་སྣང་དུ་སྨོན་ལམ་གསུམ་པའི་སྔགས་ཡིག་དེ་གོམས་འདྲིས་སུ་སོང་ན། བོད་ཡིག་བརྒྱག་དུས་ཚོད་ཉུང་བ་འགོར་བ་དང་། ཡི་གེ་མང་པོ་དུས་གཅིག་ཏུ་བཏགས་ཐུབ་རྒྱུ་འདུག

མཐེབ་གཞོང་དེའི་སྐོར་གྱི་ཡིག་ཆ་ཕབ་ལེན།
https://drive.google.com/open?id=0B8MMtztEVG_FZmhJYTdadzBjRFk

སྨོན་ལམ་གསུམ་པ་ཕབ་ལེན་དྲ་གནས།
http://www.monlamit.org/node/53

YouTube Channel Art སྒྲིག་སྟངས།

Image
ཁྱེད་ཀྱི་ཡུ་ཊུབ་འགོ་བརྗོད་རི་མོ་དེ་ལ་ YouTube Channel Art ཟེར་བ་དང་། བརྙན་ཟློས་འདིའི་ནང་དཔར་བཟོའི་མཉེན་ཆས་ photoshop སྤྱད་དེ་ཡུ་ཊུབ་ཀྱི་འགོ་བརྗོད་དཔར་དེ་ཚད་གཞི་ཏག་ཏག་སླེབས་ཐུབ་པ་ཞིག་བཟོ་སྟངས་སྟོན་ཡོད། YouTube དང་ Photoshop དང་འབྲེལ་བའི་བརྙན་ཟློས་ལ་གཟིགས་ན་དྲ་གནས་འདིར་ཡོད། https://goo.gl/9u6whw

 གལ་ཏེ་མ་དཔེ་Photoshop ནང་བཟོས་པའི་ཡིག་ཆ་འདི་དགོས་ན་དྲ་ཐག་འདི་ནས་འཕབ་ལེན་གནང་།
Download https://goo.gl/OKXuoJ

01 Graphic Design in PPT

Image
PowerPoint ནི་ཚོང་ལས་དང་ཚོགས་པ་སོགས་ལ་ལས་གཞི་དང་ལས་འཆར་འགྲེལ་བརྗོད་སྐབས་བརྙན་ཡིག་ལམ་ནས་སྟོན་བྱའི་མཉེན་ཆས་ལེགས་ཤོས་ཤིག་ཡིན་ལ། PowerPoint གི་ནང་ཡོད་པའི་དཔར་བཟོ་ལག་ཆ་དང་མཐུན་རྐྱེན་མི་ཉུང་བ་ཞིག་གིས་དཔར་རིས་དང་ཁྱབ་བསྒྲགས་ཀྱི་ཇུས་འགོད་བྱེད་རྒྱུའི་ཆེད་དུའང་བེད་སྤྱོད་ཡོང་གི་ཡོད།

མི་མང་པོས་ PowerPoint སྤྱད་དེ་ཉིན་རེའི་དགོས་མཁོའི་འདྲ་རིས་བཟོ་ཆེད་དུ་སྤྱད་ཀྱི་ཡོད། འདིར་གུས་པས་ PowerPoint སྤྱད་དེ་དཔར་རིས་དང་འདྲ་རིས་ཇུས་འགོད་བྱེད་ལུགས་མང་པོ་ཞིག་སྟོན་ཀྱི་ཡིན། བརྙན་ཟློས་འདི་རིགས་དུས་ཐོག་གཟིགས་ཐུབ་ཆེད་གུས་པའི་ཡུ་ཊུབ་དྲ་གནས་ www.youtube.com/hisonamdawa/ ཐོག་ངེས་ཕེབས་དང་ SUBSCRIBE གནང་རྒྱུ་མ་བརྗེད་རོགས། དྲ་གྲོགས་མང་པོས་ཤེས་བྱང་འདི་རིགས་ཕན་ཐོན་ཡོང་སླད་སྐུ་ཉིད་ནས་ཀྱང་སོ་སོའི་དྲ་གྲོགས་གཞན་ལ་ངོ་སྤྲོད་རྒྱུད་སྤེལ་ཡང་གནང་རོགས་ཞུ།

Photoshop CC 2017 མཐུན་རྐྱེན་གསར་པ།

Image
བརྙན་ཟློས་འདིའི་ནང་ང་ཚོས་ adobe Photoshop ཐོན་གསར་ཤོས་ CC 2017 ཟེར་བའི་མཐུན་རྐྱེན་གསར་པ་གང་ཞིག་ཡོད་མེད་ལ་ཚོད་ལྟ་བྱེད་ཀྱི་ཡིན། དུས་ཚོད་ཀྱིས་རྐྱེན་པས་ད་རེས་ཀྱི་བརྙན་ཟློས་འདིའི་མཐུན་རྐྱེན་གསུམ་ངོ་སྤྲོད་བྱས་ཡོད།
༡༽  ཤོག་ངོས་གསར་པ་བཟོ་སྐབས་ཚད་གཞི་ལྡན་པའི་དཔེ་པང་འདྲ་མིན་འདེམས་རྒྱུ་ཡོད་པ།
༢༽  Artboard ཟེར་དེ་སྔ་མའི་དཔར་བཟོའི་མཉེན་ཆས་ནང་ཡོད་ཀྱང་ད་རེས་གོང་ལས་སྟབས་བདེ་འདུག དཔེ་མཚོན་སྟོན་ཡོད།
༣༽  CC འམ་ Creative Cloud ཟེར་བ་དེ་གང་ཡིན་པ་དང་། དེ་བེད་སྤྱོད་བྱེད་པའི་མཁེ་ཕན་དང་། བེད་སྤྱོད་གཏོང་སྟངས་ཀྱི་དཔེ་མཚོན་བཅས་བཀོད་ཡོད།

བརྙན་ཟློས་དྲ་གནས་འདིར་རྒྱབ་སྐྱོར་གང་མང་ཡོང་ཆེད། SUBSCRIBE གནང་བ་དང་། དྲ་གྲོགས་གཞན་ལ་རྒྱུད་སྤེལ་གང་མང་གནང་རོགས་ཞུ།

གལ་ཏེ་དྲ་བ་ཡོད་ན་གཤམ་གྱི་མཆན་བཀོད་ན་འཇོག་རོགས།

MS WORD ནང་ཁྱབ་བསྒྲགས་དཔར་བཟོ་སྟངས།

Image
བརྙན་ཟློས་འདིའི་ནང་གུས་པས་ཡིག་ཚང་མཉེན་ཆས་ Microsoft Office Word ནང་ཁྱབ་བསྒྲགས་ཀྱི་དཔར་Banner ཞིག་བཟོ་སྟངས་སྟབས་བདེ་ཞིག་སྟོན་ཡོད། སྤྱིར་ཇུས་འགོད་དང་འདྲ་རིས་བཟོ་དགོས་ན་ Photoshop དང་ PowerPoint ནང་ཧ་ཅང་སྟབས་བདེ་བ་ཡོད། འོན་ཀྱང་ Word མཉེན་ཆས་ཁོ་ན་སྤྱོད་འདོད་ཡོད་མཁན་ཞིག་ལ་ཇུས་འགོད་དང་ཁྱབ་བསྒྲགས་སྟབས་བདེ་ཞིག་བཟོ་མི་ཐུབ་པ་གང་ཡང་མེད།

བརྙན་ཟློས་དེ་རིགས་ཕན་ཐོག་ཡོད་པར་གཟིགས་ན། ངེས་པར་ SUBSCRIBE དང་ཡན་ LIKE ཟེར་བའི་མཐེ་པོ་དེར་གནོན་རོགས།

Download the design File: https://goo.gl/NZDjCy

རྒྱབ་བསྐྱོར་གནང་རོགས། SUBSCRIBE གནང་རོགས།

Image
ལྷན་རྒྱས་ཀྱི་རྒྱབ་བསྐྱོར་དང་གུས་པའི་ཡུ་ཊུབ་དྲ་གནས་ www.youtube.com/hisonamdawa/ ཐོག་མཉམ་བཞུགས་གནང་ནས་ཉིན་ཤས་ནང་ Subcribe བྱེད་མཁན་ 242 ལོན་འདུག །ཐུགས་རྗེ་ཆེ། ཡུ་ཊུབ་དྲ་གནས་རྒྱུད་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་སྣ་ཚོགས་ད་ཕན་བོད་སྐད་ཁོ་ནའི་ཐོག་བཟོ་བསྐྲུན་བྱེད་མུར་ལས་འཆར་འདི་གྲུབ་འབྲས་ངེས་ཅན་ཞིག་ཐོབ་རྒྱུར་ཡུ་ཊུབ་ནང་བཞུགས་མཁན་གྲངས་ subsriber 1000 ལོན་ཐུབ་པ་དགོས་ཀྱི་འདུག་པས། ངོ་དེབ་དང་འཕྲིན་ཕྲན་ཐོག་རྒྱུད་སྤེལ་རེ་གནང་ཏེ་ subscribe གནང་མཁན་གང་མང་ཡོང་བའི་རེ་བ་ཞུ་བཞིན་ཡོད།

དེ་མིན་དྲ་ཐོག་གི་སྐུ་མགྲོན་མང་ཤོས་ཤིག་གིས་བོད་ཀྱི་མཉེན་ཆས་དང་བོད་ཡིག་བེད་སྤྱོད་སྐོར་དབྱིན་སྐད་ནང་སློབ་སྟོན་ཡོང་རྒྱུའི་རེ་བདུན་མང་བ་ཡོང་ཁར་བོད་གྲོགས་ཚོའི་རྒྱབ་སྐྱོར་ཆེན་པོ་མ་ཐོབ་ཚེ་རྗེས་ཕྱོགས་གུས་པའི་བཟོ་བསྐྲུན་གྱི་ལས་གཞི་འདི་ཁ་འགྱུར་དགོས་པ་ཆགས་སྲིད་སྙམ། བོད་གྲོགས་ཚོས་ཐུགས་སྣང་དགོས་པར་ཞུ།

ཐུགས་རྗེ་ཆེ།
གུས་བསོད་ནམས་ཟླ་བས།

Window 7 ནང་ Hibernate འདེམས་ཀ་སྤྱད་སྟངས།

Image
གོང་གི་བརྙན་ཟློས་འདིའི་ནང་སྐར་ཁུང་བདུན་པ་དང་བརྒྱད་པའི་ནང་ Hibernate ཟེར་བའི་འདེམས་ག་དེ་སྒྲིག་སྟངས་སྟོན་གྱི་ཡོད། སྤྱིར་སྐར་ཁུང་ཁ་བརྒྱག་སྟངས་སྣ་ཁ་ཁ་ཤས་ཡོད། དཔེར་ན། Shutdown, Sleep, Log Out, Hibernate, Restart བཅས་ཡིན། དེ་དག་སོའི་གོ་དོན་ནི།
Sleep སྐར་ཁུང་བེད་སྤྱོད་མེད་པའམ་བེད་སྤྱོད་མ་གཏོང་བའི་དུས་ཚོད་ཚད་གཞི་ཞིག་(སྐར་མ་ ༥ ཡང་ན་སྐར་མ་ ༡༠) གི་རྗེས་འཆར་ངོས་ནག་ཁུང་ཆགས་འགྲོ་བ། དེས་གློག་ཀླད་ཤི་གི་མེད་ཀྱང་གློག་འགྲོན་ཉུང་དུ་འགྲོ་བ་དང་། དམིགས་བསལ་པང་ངོས་གློག་ཀླད་(laptop)དེ་དག་གི་གློག་མེ་དུས་ཚོད་མང་བ་འདེང་ཐུབ།
Log Out ལས་བྱ་དང་མཉེན་ཆས་ཁ་ཕྱེ་ཡོད་པ་རྣམས་ཁ་བརྒྱག་ཏེ་སྤྱོད་མིང་བཀོད་སའི་ཐོག་སླེབས་ཀྱི་རེད།
Hibernate གློག་ཀླད་ཤི་གི་རེད། འོན་ཀྱང་རྗེས་ཕྱོགས་གློག་ཀླད་སྤར་བའི་སྐབས་སྔ་མའི་ལས་བྱ་རྣམས་དེ་མུར་ཁ་ཕྱེ་ཡོད་པས། ལས་བྱ་མུ་མཐུད་ཐུབ་པའི་དགེ་མཚན་ཡོད། མ་ཟད་གློག་ཀླད་ཁ་ཕྱེ་མགྱོགས་བ་ཡོད།
Restart གློག་ཀླད་ཐོག་ཁ་ཕྱེ་ཡོད་པའི་མཉེན་ཆས་རྣམས་ཁ་བརྒྱག་ནས་གློག་ཀླད་ཐེངས་གཅིག་ཤི་ནས་བསྐྱར་དུ་འབར་གྱི་ཡོད།
Shutdown གློག་ཀླད་ཐོག་ཁ་ཕྱེ་ཡོད་པའི་མཉེན་ཆས་རྣམས་ཁ་བརྒྱག་ནས་གློག་ཀླད་ཤི་འགྲོ་ཡི་ཡོད།

ངོ་དེབ་ནང་ཡུ་ཏུབ་ཆེད་དཔར་ཆེན་པོ་ཡོང་ཐབས།

Image
ཡུ་ཊུབ་ཀྱི་གློག་བརྙན་རིགས་ངོ་དེབ་ཐོག་སྤེལ་བའི་སྐབས་ཆེད་དཔར་(thumbnail)དེ་ཆུང་ཆུང་ཞིག་ལས་ཡོང་གི་མེད། དེ་ནི་གཙོ་བོ་ངོ་དེབ་རྒྱུད་ཁྱབ་བསྒྲགས་ཤུགས་ཆེ་མི་ཡོང་བའི་ཆེད་དུ་རེད། གལ་ཏེ་ངེས་པར་དུ་ངོ་དེབ་ནང་ཡུ་ཏུབ་ཆེད་དཔར་འདི་ཆེན་པོ་ཡོང་དགོས་ན་གོང་དེར་ཡུ་ཊུབ་ཀྱི་བརྙན་ནང་གསལ་བ་ལྟར་ཡུ་ཊུབ་ཀྱི་དྲ་ཐག་ (URL) དེ་ www.createyoutube.com དྲ་གནས་ཐོག་བཀོད་ནས་དྲ་ཐག་གཞན་དེ་ལེན་ནས་ངོ་དེབ་ཐོག་སྤེལ་ན་ད་བཟོད་ངོ་དེབ་ནང་ཡུ་ཊུབ་ཀྱི་ཆེད་དཔར་དེ་ཆེན་པོ་ཆགས་ཐུབ།

Icecream Image Resizer མཉེན་ཆས་ངོ་སྤྲོད།

Image
མཉེན་ཆས་ Icecream Image Resizer འདི་ནི་རིན་མེད་དུ་སྤྱོད་ཆོག་པ་དང་། རང་གི་དཔར་མང་པོ་དུས་གཅིག་ལ་ཆུང་དུ་གཏོང་ཆེད་ཅིག་ཡིན། མཉེམ་ཆས་སྤྱོད་བདེ་བའི་ཁར་ལས་བྱ་རྣམས་ལམ་སེང་གྲུབ་ཐུབ་པའི་ཁྱད་ཆོས་ལྡན་ཡོད།

དམིགས་བསལ་གྱི་དོན་ཞིག་གི་ཆེད་དུ་ཡིན་ན་མ་གཏོགས་དྲ་ཐོག་ནས་གཞན་ལ་དྲ་དཔར་གཏོང་སྐབས་ཆུང་དུ་གཏོང་དགོས། དེས་འདྲ་དཔར་གཏོང་མཁན་ལ་གཏོང་མགྱོགས་པ་དང་། ཕར་ཕྱོགས་འདྲ་དཔར་ལེན་མཁན་དེ་ལའང་ལྟ་བདེ་བ་ཆགས་ཐུབ་པ་ཡིན།

མཉེན་ཆས་འཕབ་ལེན་དྲ་གནས་ནི།  http://icecreamapps.com/Image-Resizer/

གུས་པའི་བརྙན་ཟློས་གསར་པའི་རིགས་ཁྱེད་ཀྱིས་དུས་ཐོག་ཏུ་ལྟ་ཐུབ་ཆེད་གུས་པའི་ཡུ་ཊུབ་དྲ་གནས་ www.youtube.com/hisonamdawa/ ཐོ་ཕེབས་རྒྱུ་དང་ SUBSCRIBE གནང་རྒྱུ་མ་བརྗེད་རོགས། ད་དུར་བློ་ཉེ་བའི་བོད་རིགས་གྲོགས་གྲོགས་མོ་རྣམས་ལའང་ངོ་སྤྲོད་གནང་རོགས་ཞུ།

སྙན་ཚིག་དཔར་རིས་སུ་བཟོ་སྟངས།

Image
སྐུ་ཞབས་རྩམ་པ་(ངོ་དེབ་ནང་དཀོལ་མིང་)ལགས་ནས་ངོ་དེབ་རྒྱུད་གུས་པར་སྙན་ཚིག་ཅིག་ photoshop སྤྱད་དེ་དཔར་རིས་སྙིང་པོ་བཟོ་སྟངས་སློབ་རོགས་ཞེས་འབུལ་སྐུལ་བྱེད་འདུག་ལ་དེ་སྔོན་དྲ་གྲོགས་མང་པའི་སྐུལ་སློང་བྱེད་སོང་བས་ད་ཐེངས་བརྙན་ཟློས་ནང་ཚིག་བཅད་དཔར་རིས་བཟོ་སྟངས་སྟོན་གྱི་ཡིན།
ད་རེས་དང་པོ་ Photoshop སྤྱད་དེ་བཟོ་སྟངས་ཞིག་དང་། དེ་ནས་རྗེས་མའི་བརྙན་ཟློས་ཤིག་གི་ནང་ photoshop མ་ཡིན་པར་རྒྱུན་སྤྱོད་མཉེན་ཆས་སྟབས་བདེ་འདྲ་སྤྱད་དེ་ཚིག་བཅད་དཔར་རིས་ནང་གང་འདོད་དུ་བཟོ་རྒྱུ་ཡོད་པ་དེའི་སྐོར་སྤེལ་ཆོག