Swiftkey Keyboard བོད་ཡིག་མཐེབ་གཞོང་ལེགས་ཤོས།

ཁ་པར་ནང་བོད་ཡིག་བཏགས་རྒྱུ་ནི་སྐབས་རེ་དུས་ཚུད་མང་པོ་འགོར་གཞི་ཞིག་དང་། སྟབས་མི་བདེ་བའི་གནས་སྟངས་ཤིག་ཡོང་གི་ཡོད། སྟབས་མི་བདེ་དེ་ནི་སྐད་ཡིག་དབང་གི་མིན་ཡང་བོད་ཡིག་ཡིག་བཏགས་བྱེད་པའི་མཉེན་ཆས་ཡག་པོ་མེད་པའི་དབང་གིས་ཡོང་གི་ཡོད། གལ་ཏེ་ཁྱེད་ཀྱི་ཁ་པར་ནང་བོད་ཡིག་བཏགས་ཆས་ལེགས་པོ་ཡོད་ན་བསམ་གྱི་ཡོད་མྱོང་ན། དེ་རིང་ཁྱེད་ཀྱི་རེ་འདུན་དེ་གྲུབ་པ་རེད། གང་ཡིན་ཟེར་ན་ཉེ་ཆར་ཁ་པར་ནང་བོད་ཡིག་བརྒྱག་ཆེད་ཀྱི་མཉེན་ཆས་ Swiftkey Keyboard ཟེར་བ་ཞིག་ཐོན་ཡོད་པ་དང་། མཉེན་ཆས་དེའི་ནང་བོད་ཡིག་བཏགས་བདེ་བ་དང་མྱུར་པོ་ཡོང་གི་འདུག

མཉེན་ཆས་དེ་ལ་དེ་སྔའི་མཐེབ་གཞོང་གཞན་དང་མི་འདྲ་བའི་ཁྱད་ཆོས་མང་པོ་ཞིག་འཛོམས་འདུག་པ་གཤམ་གསལ་རགས་བསྡུས་ཙམ་ཞུ།
  1. བོད་ཡིག་བརྩེགས་ལྡོག་བརྒྱག་པའི་སྐབས་ shift-key དེ་ཡང་ཡང་གནོན་མི་དགོས་པར་ཐད་ཀར་བཏགས་ཐུབ་པ། དཔེར་ན། "སྒྲོག "ཟེར་བའི་ཚིག་འདི་བཏགས་དགོས་ཚེ་མཐེབ་གཞོང་ནས་ སགརོག ཟེར་གནོན་པ་དང་"སྒྲོག"ཚོད་དཔག་གི་ངོས་དཔང་དུ་ཤར་འོང་།
  2. བོད་ཡིག་ཚིག་གཅིག་གྲུབ་ཁར་ཚིག་འདི་ཚིག་གྲོགས་གཞན་ཚོད་དཔག་གི་དཔང་སྒྲོམ་དུ་ཤར་འོང་བས་ཚིག་གཉིས་པ་མཐེབ་གཞོང་ནས་བཏགས་མི་དགོས་པར་འདེམས་ག་ནས་འདེམས་ན་འགྲོག་གི་འདུག དཔེར་ན། "སྒྲིག" ཟེར་བའི་ཡི་གེ་དེ་བཀོད་པ་དང་དེའི་ཚིག་གྲོགས་"སྒྲིག་གཞི" དང་ "སྒྲིག་ཆས" སོགས་ཤུལ་དུ་འཆར་འོང་།
  3. ཚིག་དང་ཚིག་གྲོགས་ཚོད་དཔག་ཐུབ་པ་དང་། སྐབས་རེ་ཚིག་གསུམ་བཞི་ཡང་ཚོད་དཔག་དཔང་སྒྲོམ་དུ་ཤར་ཡོང་གི་འདུག དཔེར་ན། "དཀོན" ཟེར་ཚིག་གཅིག་བཏགས་པ་དང་དེའི་ཤུལ་དུ་ "དཀོན་མཆོག་གསུམ" འཆར་འོང་བ། "ཚེ"ཞེས་འབྲི་ན་ཤུལ་དུ་ "ཚེ་རིང་གི" ཟེར་བ་འབྲེལ་སྒྲ་ལྡན་པ།
  4. Swiftkey Keyboard དང་སོ་སོའུ་གུ་གུལ་ཁ་བྱང་གཉིས་མཐུད་ན། རྗེས་ཕྱོགས་ཁྱེད་ནས་བོད་ཡིག་མིང་ཚིག་ཇི་ཙམ་སྤྱད་པ་དང་། བོད་ཡིག་མིང་ཚིག་གསར་པ་ཇི་སྤྱད་ཀྱི་ཐོ་གཞུང་ཉར་ཐུབ་པ་དང། མིང་མཛོད་གསག་ནས་སོ་སོའི་ཁ་པར་དང་། མཐེབ་གཞོང་དེ་ཡོད་པའི་གློག་ཆས་གཞན་གྱི་ནང་བེད་སྤྱོད་ཡོང་ཐུབ་ཀྱི་འདུག
  5. དབྱིན་ཡིག་མཐེབ་གཞོང་ནང་ swype ཟེར་བ་མཐེབ་གཞོང་ངོས་ཀྱི་ཚིག་འབྲུ་རེ་རེ་གནོན་མི་དགོས་པས། མཛུབ་མོས་ཐིག་མཐེན་ནས་མིང་ཚིག་མྱུར་པོ་བཀོད་སྟངས་དེ་ཡང་བོད་ཡིག་གི་མཐེབ་གཞོང་ངོས་སུ་གང་མཚམས་ལེགས་པོ་ཡོང་གི་འདུག
  6. མཐེབ་གཞོང་གི་སྒྲིག་བཀོད་ (setting) ནས་མཐེབ་གཞོང་གི་ཆེ་ཆུང་དང་། མཚོན་དོག་སོགས་སྒྲིག་རྒྱུ་འདུག
  7. བོད་ཡིག་དང་དབྱིན་ཡིག་ཙམ་དུ་མ་ཟད་རྒྱ་ཡིག་དང་དེ་མིན་རྒྱལ་ཁབ་བརྒྱ་ལྷག་ཙམ་གྱི་སྐད་ཡིག་གི་མཐེབ་གཞོང་ཚུད་འདུག །དེ་དག་སོ་སོའི་དགོས་མཁོ་ལ་དཔག་ཏེ་སྒྲིག་འཇུག་རིམ་པས་བྱས་ཆོག་གི་འདུག
  8. མཐེབ་གཞོང་དེའི་ནང་ Clipboard ཟེར་བ་ཞིག་ཡོད། དེ་ནི་ཚིག་དང་ཚིག་གྲུབ ཚིག་དུམ་སོགས་ཅི་རིགསཉར་ཐུབ། Clipboard ནང་ཉར་ཚགས་བྱེད་པའི་ཡིག་འབྲུ་དེ་དག་དྲ་གནས་གཞན་དུ་གང་འདོད་དུ་ཡང་ནས་ཡང་དུ་བཀོད་ཆོག་ཆོག་འདུག ངས་ཐོག་མར་དེའི་ནང་སོ་སོའི་ཁ་པར་ཨང་གྲངས་དང་གློག་འཕྲིན་ཁ་བྱང་ལྟ་བུ་བཞག་པ་ཡིན། རྗེས་སུ་གཞན་ལ་སྤྲོད་དགོས་ན་ཡི་གེ་རེ་བརྒྱག་མི་དགོས་པར་ clipboard ནས་ལེན་ཏེ་བཏང་ན་འཐུད་པ་ལྟ་བུ།
  9. ལེགས་ཤོས་གཅིག་ནི་མཉེན་ཆས་དེ་ནི་རིན་མེད་དུ་ཕབ་ལེན་དང་སྤྱོད་ཆོག་འདུག

གཤམ་ལ་གུས་པས་མཉེན་ཆས་དེ་སོ་སོའི་ཁ་པར་ནང་སྒྲིག་འཇུག་བྱེད་སྟངས་དང་དེ་ནས་མཐེབ་གཞོང་དེ་སྤྱད་དེ་བོད་ཡིག་མྱུར་པོ་བཏགས་ཐབས་སྐོར་གྱི་བརྙན་ཟློས་ཁག་གཉིས་བཟོས་ཡོད་པས་གཟིགས་པར་ཞུ། དྲ་གྲོགས་མང་པོས་མཐེབ་གཞོང་ལེགས་པོ་ཧ་གོ་ཐབས་སུ་སྐུ་ཉིད་ནས་སྤྱི་ཚོགས་དྲ་གནས་ཁག་དང་སྐད་འཕྲིན་སོགས་ཀྱི་ངོས་སུ་རྒྱུད་སྤེལ་རེ་བྱེད་རོགས། ཐུགས་རྗེ་ཆེ།

Comments

  1. it is easier and user interface is better also....thankx sonam dawa for your efforts.....Thurab here..wish you a good luck ahead...

    ReplyDelete

Post a Comment

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག