ཕྱི་ལོ་ ༢༠༡༧ ཟླ་ ༡༢ ནང་ཇུས་འགོད་བྱས་པའི་དེབ་དེབ་རྒྱབ་ཤ

 
གཤམ་འདིར་ཕྱི་ལོ་ ༢༠༡༧ ལོའི་ ཟླ་ ༡༢ ནང་དཔེ་དེབ་བཅོ་གསུམ་གྱི་རྒྱབ་ཤ་ཇུས་འགོད་བྱས་པ་ཁག་ཡིན། དཔེ་དེབ་འདི་དག་ད་ལྟ་བོད་ཀྱི་དཔེ་མཛོད་ཁང་དུ་བླུ་ཡོན་ཞུ་རྒྱུ་ཡོད།
༄༅། །ད་ལམ་འདིར་དགུང་ན་གཞོན་ཡང་རྩོམ་རིག་ལ་རྒན་པོའི་བློ་ཅན་བཙུན་པ་ཨ་འདུས་སྐལ་བཟང་རྒྱ་མཚོ་ལགས་ནས་དང་བས་ཀུན་ནས་བསླངས་ཏེ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེའི་རྣམ་ཐར་དད་པའི་འཇུག་ངོགས་ཞེས་པ་ཞིག་འབྲི་རྩོམ་གནང་སྟེ་དེ་སྔོན་རིན་པོ་ཆེ་གང་གི་རང་རྣམ་དང་རྣམ་ཐར་གཞན་རྣམས་ཀྱི་ཞལ་སྐོང་གི་ཚུལ་དུ་སྐུ་ཚེ་ཧྲིལ་པོའི་རྣམ་ཐར་གྱི་ངོ་བོར་གྲུབ་ཡོད་པས་ལོ་རྒྱུས་དོན་གཉེར་ཅན་ཀུན་དང་ཁྱད་པར་དད་ལྡན་སྐྱེ་བོ་ཀུན་ལ་སྐྱེས་ཀྱི་མཆོག་ཅིག་ཏུ་འགྱུར་བར་སྨོན།།

པཎ་ཆེན་རིན་པོ་ཆེ་འཚོལ་ཞིབ་ལ་དབྱིན་ཡུལ་ནས་ཐོབ་པའི་བསྔགས་བརྗོད།

“དཔེ་མི་སྲིད་པའི་ཡ་ཡུད་ཀྱི་གཏམ་རྒྱུད་ཅིག་དང་། ཧ་ལས་དགོས་པའི་གསང་བ་ཞིག་་་ གལ་ཏེ་ཁྱོད་ལ་སེམས་འགུལ་ཐེབས་ནུས་པའི་གཏམ་རྒྱུད་ཅིག་ཐོག་ད་དུང་བོད་ཀྱི་ལོ་རྒྱུས་དང་། བོད་པའི་གནད་དོན་ཐོག་ཏུ་མདོར་བསྡུས་ལ་ཆ་ཚང་བའི་ཤེས་རྟོགས་བྱེད་འདོད་ཡོད་ན། ཁྱོད་ཀྱིས་དེབ་འདི་ཀློག་དགོས།”— ལྟད་མོ་བ། (The Spectator)

“ཁྱད་དུ་འཕགས་པ། ་་་ དེབ་འདི་ནི་པཎ་ཆེན་རིན་པོ་ཆེའི་མཐའ་སྐོར་དུ་བྱུང་བའི་ཆབ་སྲིད་ཀྱི་རྙོག་ཟིང་སྐོར་ལ་རྣམ་དཔྱོད་ལྡན་པའི་འགྲེལ་བཤད་ཅིག་ཡིན་པ་དང་། མཐའ་མ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་ཡང་སྲིད་རྩད་གཅོད་ཐོག་དེབ་འདི་མཇུག་རྫོགས་ཀྱི་འདུག”— ལྟ་ཞིབ་པ། (The Observer)

“བོད་པ་དང་རྒྱ་མི་ཕྱོགས་གཉིས་ཀས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་འདམ་ཀར་ཤུགས་རྐྱེན་སྤྲོད་ཐབས་སུ་གསང་བའི་འཆར་གཞི་བཏིང་བའི་བྱུང་བ་འདི་ཡིད་དབང་འཕྲོག་པ་ཞིག་རེད། དེབ་འདིའི་ནང་ཧིལ་ཊོན་གྱི་རྩོམ་རྩལ་དང་ཁོང་གི་ཞིབ་ཚགས་པའི་ཞིབ་འཇུག་གཉིས་ཟུང་དུ་འབྲེལ་ནས་ད་ལྟའང་མཇུག་རྫོགས་མེད་པའི་ཇུས་ཉེས་འདིའི་ཐོག་ལ་ཆ་རྫོགས་ཤིང་། གནད་ལ་འཕིགས་པའི་འགྲེལ་བཤད་རྒྱབ་འདུག” — དུས་བབ་རྩོམ་རིག་ཞོར་བཀོད་རྩོམ་ཚན། (Times Literary Supplement)

“ལྕམ་ཧིལ་ཊོན་གྱི་དེབ་འདི་ལས་ལྷག་པ་ཞིག་ཧ་ལམ་ཐོན་གྱི་མ་རེད། དེབ་འདིའི་ནང་ཞིབ་འཇུག་རུ་ངར་པོ་བྱས་འདུག་ཅིང་། གང་སར་ཀུ་རེའི་གཏམ་གྱིས་རྗོད་བྱེད་མཛེས་པར་བྱས་འདུག” — དཔལ་འབྱོར་རིག་པ་བ། (The Economist)

“ཧིལ་ཊོན་གྱིས་བོད་ཀྱི་ལས་དབང་གི་འགག་རྩར་ཐུག་ཅིང་། ལྐོག་ཇུས་ཀྱིས་ཁེངས་པའི་གལ་ཆེའི་བྱུང་བ་འདིར་ཆགས་སྡང་གི་ལྷད་མ་བཏང་བར་འགྲེལ་བཤད་རྒྱབ་འདུག །དེ་ལྟར། ཁོང་གིས་བརྗོད་འདོད་པའི་གནད་དོན་དང་། ཡ་ང་སྙིང་རྗེ་མེད་པའི་དམར་ཤོག་གི་སྲིད་དབང་ཞིག་གིས་བོད་ལ་གང་དང་གང་བྱས་པར་ངོ་རྒོལ་བྱེད་མཁན་ཚང་མས་བརྗོད་འདོད་པའི་གནད་དོན་དེ་དེ་བས་ཁུངས་བཙན་པོ་བཟོས་འདུག”— གཟའ་ཉི་མའི་ཏར་འཕྲིན། (Sunday Telegraph)

ལྕགས་ཡོས་ཕྱི་ལོ་ ༡༩༥༡ ལོར་བོད་རྒྱའི་སྐུ་ཚབ་དབར་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་སྐོར་ལ་སྤྱིར་ཕྱི་ནང་མཁས་པ་མང་པོས་དཔྱད་གླེང་བྱས་པའི་རྩོམ་ཡིག་དང་དཔྱད་གཏམ་གང་མང་ཞིག་ཡོད་ཀྱང་། དེ་ཚོ་གྲོས་མཐུན་དོན་ཚན་བཅུ་བདུན་དང་འབྲེལ་བའི་གནད་དོན་བྱེ་བྲག་ཁ་ཤས་ཐོག་དམིགས་སུ་བཀར་ནས་དཔྱད་ཞིབ་བྱས་པ་མང་ཆེ་བ་ལས། གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ཐོག་མའི་འབྱུང་རྩ་དང་། བར་གྱི་བརྒྱུད་རིམ། མཐའ་མའི་མཇུག་འབྲས་སོགས་མགོ་ནས་མཇུག་བར་གྱི་བྱུང་བ་ཀུན་ལུ་གུ་རྒྱུད་དེ་ཞིབ་འཇུག་བྱས་པ་དཀོན་ཞིང་། ལྷག་པར་བོད་ཡིག་ནང་ཞིབ་འཇུག་དེ་རིགས་བྱས་པ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་བསོད་ནམས་རྡོ་རྗེ་ལགས་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པ་ལས་གཞན་ཧ་ལམ་མེད་པར་སོང་། དེབ་འདིའི་ནང་ཕྱི་ལོ་ ༡༩༥༠ ལོ་ཡས་མས་ཀྱི་བོད་ཀྱི་གནས་སྟངས་སྤྱི་དང་། ཡང་སྒོས་ཆབ་སྲིད་ཀྱི་འཕོ་འགྱུར་དང་། རྒྱ་ནག་གུང་ཁྲན་གྱིས་ཇི་ལྟར་བོད་ལ་དྲག་པོའི་དམག་གིས་བཙན་འཛུལ་བྱས་ཏེ་བོད་གཞུང་གིས་ཞི་བའི་གྲོས་མོལ་ལ་ཁས་ལེན་མི་བྱ་ཐབས་མེད་བཟོས་པ། ང་ཕོད་གཙོས་བོད་ཀྱི་སྐུ་ཚབ་ཚོས་རྒྱ་ནག་གཞུང་དང་གྲོས་མོལ་ཇི་ལྟར་བྱས་ཡོད་པ། མཐའ་མ་བོད་ཀྱི་སྐུ་ཚབ་ཚོས་གནས་སྟངས་ཅི་འདྲ་ཞིག་གི་འོག་ཏུ་གྲོས་མཐུན་ཡིག་ཆའི་ཐོག་མིང་རྟགས་བཀོད་ཡོད་པ། ཕྱི་ལོ་ ༡༩༥༡ ལོའི་ལོ་དཀྱིལ་དུ་༸རྒྱལ་བ་རིན་པོ་ཆེ་གྲོ་མོ་ནས་རྒྱལ་ས་ལྷ་སར་ཕྱིར་ལོག་གནང་དོན་གང་ཡིན་པ། གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ད་ལྟའི་ཁྲིམས་ལུགས་གནས་བབས་ཅི་འདྲ་ཡིན་པ་སོགས་ལྟེ་བར་བྱས་ནས་གྲོས་མཐུན་དོན་ཚན་བཅུ་བདུན་དང་འབྲེལ་བའི་སྐབས་དེའི་ལོ་རྒྱུས་ཀྱི་བྱུང་བ་གལ་ཆེན་ཇི་སྙེད་ཅིག་ལ་གསལ་ཁ་བཏོན་ཡོད།

དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་དཔེ་དེབ་བླུ་ཡོན་ཞུ་རྒྱུའི་དཔེ་དེབ་དཀར་ཆག འདི་ནས་དཔར་སྐྲུན་བྱས་པའི་བོད་དབྱིན་ཧིན་གསུམ་གྱི་དཔེ་དེབ་ཆ་ཚང་།

༄། །སྒྲུང་འདིས་"ཨ་ཕ་བསམ་འཕེལ་" དང་"ཨ་ཕ་ཏིང་འཛིན་" ཏེ། ཨ་ཕ་འདི་གཉིས་ཀྱི་མདུན་ལམ་གཤིབས་ནས་དབྱེ་ཞིབ་བྱས་ཡོད་ཅིང་། ༡༩༦༠ རེ་གྲངས་ཀྱི་སྐབས་ཤིག་ལ་ཨ་མདོར་སྐྱེས་པའི་བོད་པའི་བུ་འདི་གཉིས་དང་། ལྷག་པར་ "ཨ་ཕ་བསམ་འཕེལ་"གྱི་སྐོར་རྩལ་དུ་བཏོན་པ་དང་བཅས་སྒྲུང་འཆད་མཁན་ཞིག་གི་ལྟ་ཚུལ་གྱི་ཐོག་ནས་སྒྲུང་འདི་བཤད་ཡོད་ཅིང་། འཆད་མཁན་དེ་སྒྲུང་གི་དཀྱིལ་ཙམ་ལ་སླེབས་སྐབས་རང་ཉིད་"ཨ་ཕ་བསམ་འཕེལ་གྱི་བུ་"ཡིན་པ་ང་ཚོས་ཤེས་ཡོང་། བརྩམས་སྒྲུང་གོ་རིམ་བཞིན་སྔ་དུམ་དང་བར་དུམ། ཕྱི་དུམ་བཅས་དུམ་བུ་གསུམ་དུ་ཕྱེ་ཡོད། ཆོས་ཉིད་དབང་མོས། ( Franoise Robin )

༈  ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་ ༤༣ པ་དགེ་སློང་བསྟན་འཛིན་ཆོས་དར་ལགས་དང་འབྲེལ་ཡོད་ལོ་རྒྱུས་ཁག་གཅིག་ཅེས་པ་འདི་ནི་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་བཅའ་བཞུགས་ཁམ་བུ་ཆུ་འཐག་སྐུ་ཞབས་ལྷག་པ་ཚེ་རིང་ལགས་ནས་བཅར་འདྲི་ཟིན་བྲིས་སུ་བཏབ་གནང་གིས་འདི་ག་སྡེ་ཚན་དུ་སྩལ་གནང་བྱུང་བ་ཞིག་དང་། དཔེ་དེབ་འདིའི་ནང་ལྷོ་བྲག་སྲས་མཁར་དགུ་ཐོག་གྲྭ་ཚང་དང་། གྲོ་བོ་ལུང་། ཟངས་ཕུག ལྟག་གཉའ་བཅས་ཀྱི་གནས་ཡིག་རྣ་བའི་བདུད་རྩི་དད་པའི་ཤིང་རྟ་ཞེས་བྱ་བ་དང་། སྲས་མཁར་གྲྭ་ཚང་གི་དགེ་སློང་བསྟན་འཛིན་ཆོས་དར་ལགས་སྐུ་འཚོ་བཞུགས་སྐབས་ཡི་དམ་རྡོ་རྗེ་རྣལ་འབྱོར་མ་སོགས་ཀྱི་སྒོ་ནས་རྒྱུན་གྱི་ཉམས་བཞེས་གནང་སྟངས་དང་། སྐུ་གཤེགས་ཁར་ངོ་མཚར་ཐུགས་དམ་ལ་བཞུགས་པ་སོགས་དམ་པ་གང་ཉིད་ཀྱི་སྐུ་ཚེའི་ལོ་རྒྱུས། དེ་བཞིན་མཁར་ཆེན་དཔལ་གྱི་དབང་ཕྱུག་གི་རྒྱུད་འཛིན་ངོ་སྤྲོད། སྔར་སྲོལ་གཉེན་སྒྲིག་གི་མོ་ལྷ་སྙིང་བསྡུས། གཞུང་ཞབས་ཕྱོགས་ཕེབས་སྐབས་ཀྱི་ཚ་ཞག་དང་ལམ་ཐོ། གཞུང་སའི་ལས་ཚན་ཏོག་གནས་ཡོད་རིགས་ཀྱི་འགྲོ་ཁུངས་དང་ལམ་ཐག་ཇི་ཡོད་སོགས་ཀྱི་སྐོར་བཅས་གསལ་ཡོད།

एक आध्यात्मिक साधक का चूक है जब कि वह अत्यधिक धर्म श्रवण करने के पश्चात् भी उनका मन अभी भी एक साधारण व्यक्ति की तरह बना रहता है तो,
इस तरह के आध्यात्मिक अभ्यास में लगे रहना व्यर्थ है। और इसके कारण नर्क योिन में पतन होगा, भले ही आप धर्म के प्रवेश द्वार में प्रवेश कर चुके हों।
-श्री गम्पोपा

परम पथ के अमूल्य हार, सामान्य रूप से, बौद्ध प्रशिक्षण के सभी स्तरों के पूरे महत्वपूर्ण बिंदुओं का संक्षेपण है। विशेष रूप से, इसमें मौखिक निर्देश शामिल हैं जो कि हमारे बहुत दिल तक पहुँच सकते हैं और हमारे छिपे हुये दोषों को प्रकट कर सकते हैं। इन मौखिक निर्देशों को व्यक्तिगत रूप से लागू करके, हम अपने कठोर मन को नरम कर सकते हैं और आगे हमारे अनुभव व अनुभूति द्वार आध्यात्मिक पथ के प्रति रुचि व विश्वास प्राप्त कर सकते हैं।
-छोस्की ञिमा रिम्पोछे

༄༅། །རིག་པའི་ཁྱེའུར་འབོད་པའི་དེབ་འདི་ནི་ཨ་རིའི་ཨིཎྜི་ཡ་ན་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་སློབ་དཔོན་བགྲེས་པ་དགེ་འདུན་རབ་གསལ་ལགས་ཀྱིས་བོད་ཁ་བ་ཅན་གྱི་ཐ་སྙད་རིག་གནས་དང་འབྲེལ་བའི་གསུང་རབ་བྱེ་བྲག་ཁག་ཅིག་ཞིབ་ཀློག་གནང་སྟེ་དེང་རབས་ཉམས་ཞིབ་ཐབས་ལམ་གྱིས་སྤྲས་ཏེ་གསེར་ས་འོག་ཏུ་ཡོད་པ་རྣམས་འོད་ཟེར་ས་སྟེང་དུ་ཐོན་པར་བྱས་ཏེ་ཐུན་མོང་རིག་གནས་ཀྱི་བརྒྱུད་རིམ་དང་།  དེ་ཡང་དགག་གཞག་སྤོང་གསུམ་གྱི་ལམ་ནས་བརྩམས་པར་མཛད་པའི་ཕུལ་བྱུང་གི་དེབ་ཅིག་ལགས།  དེབ་ཀྱི་ཁ་བྱང་དུ་རིག་པའི་ཁྱེའུར་འབོད་པ་དེ་ཡང་དུས་རབས་བཅུ་གསུམ་པའི་རིང་ལ་ལ་སྟོད་ཀྱི་ཁུལ་དེར་རིག་པའི་ཁྱེའུ་མང་པོ་བྱོན་པ་ལ་དགོངས་ནས་བཏགས་པར་སེམས་སོ།། འདི་རིགས་ལ་ཚན་རིག་དང་མཐུན་པའི་བརྩམས་ཆོས་ཟེར་བར་སྣང་།།
ན་ག་སངས་རྒྱས་བསྟན་དར།

༄༅། །རྨི་ལམ་ལྟ་བུའི་འཇིག་རྟེན་འདིར་འཚོ་ཚུལ་ཅུང་ཟད་བརྗོད་པ་དངོས་བྱུང་སེམས་ཀྱི་རླབས་རིས་ཞེས་པའི་མཛད་རྣམ་འདིའི་རྩོམ་ལུས་དང་མཚན་བྱང་གི་ཚིག་རྩ་གཉིས་ཡོངས་སུ་མཐུན་པར། རིན་པོ་ཆེ་ཁོང་རང་ཉིད་ཀྱི་སྐུ་ཚེའི་འཚོ་ཚུལ་སྙིང་པོར་བརྗོད་པ་སྟེ། ཆུང་བྱིས་པའི་དུས་ནས་དུས་ད་ལ་མ་ཐུག་གི་བར་གྱི་འགྱུར་འགྲོས་སྒྱུ་མའི་རང་མདངས་དང་གདམས་ངག་རིམ་པར་མནོས་པའི་ཚུལ། སྨོན་པས་དབེན་རིར་བདས་པ་དང་བཅད་རྒྱ་དམ་པོར་བརྩོན་པའི་གཤིས། རྒྱལ་ཁམས་རིག་པས་བསྐོར་བ་དང་གངས་ཅན་མགོན་པོ་བསྙེན་པའི་རབས། རྒྱུས་མེད་ནུབ་གླིང་འགྲིམས་པ་དང་སྐལ་མཉམ་ཆོས་ཀྱིས་བསྐྱངས་ཚུལ་སོགས། མདོར་ན་སྐུ་ཚེའི་བྱུང་བ་རྣམས་སྐོར་ཚོ་ཉེར་གཉིས་སུ་བགོས་ཏེ་གསོང་པོར་བརྗོད་འདུག་པ་ལས་གཞན། ཡར་གྱི་ལྷ་ཡུལ་དང་མར་གྱི་ཀླུ་ཡུལ་སོགས་སྐབས་འདིར་འབྲེལ་བ་ཡོད་མེད་ཀྱི་ཚིག་རྫོབ་དང་བསྲེས་པ་ཡེ་ནས་མེད་པས་ན། མཛད་རྣམ་འདི་ནི་དུས་རབས་ཤིག་གི་དཀྱོག་མཚམས་དང་མི་རིགས་ཤིག་གི་བདེ་སྡུག་མཚོན་པའི་ལོ་རྒྱུས་ཀྱི་དཔང་རྟགས་ཚད་ལྡན་ཞིག་ཏུ་གྱུར་ཡོད།།

༄༅། །ནང་དོན་རིག་པའི་གཞུང་ཆེན་ཁག་ནི་ཚིག་དོན་གང་ཐད་ནས་ཆེས་ཟབ་ལ་རྒྱ་ཆེ་བ་ཤ་སྟག་ཡིན་སྟབས། ཐོས་བསམ་གྱི་ལས་སུ་ཞུགས་པར་འདོད་པའི་ཟུར་སྦྱོང་བ་ཞིག་ལ་མཚོན་ན། གཞུང་གང་ནས་འགོ་འཛུགས་དགོས་པ་དང་གང་ཞིག་བསླབས་ན་ཕན་རླབས་ཆེ་བ་ཡོད་མེད་སོགས་ལས་སླ་པོར་ཤེས་དཀའ་བས། འདིར་ཚེགས་ཆུང་ལ་ས་ཆོད་ཆེ་བར་གཞུང་ལུགས་རབ་འབྱམས་ཀྱི་སྒོ་ཆེན་འབྱེད་པའི་ལྡེ་མིག་ཅིག་སྟེ། ཤེས་བྱེད་བློ་ཡི་རྣམ་གཞག་དང་ཤེས་པ་ཡུལ་ལ་ཇི་ལྟར་འཇུག་ཚུལ་སོགས་རྒྱས་བསྡུས་འཚམ་ཞིང་གོ་བདེ་བར་གཏན་ལ་ཕབ་པའི་སེམས་སེམས་བྱུང་གི་རྣམ་གཞག་འདི་དཔར་སྐྲུན་ཞུས་ཡོད་ན། འུ་ཚོས་མགོ་བོ་རུམ་དུ་བཙུད་ནས་མི་སྡོད་པར་ཕ་མེས་ནས་བཞག་པའི་རིན་བྲལ་གྱི་ཤེས་ཡོན་འདི་དག་ངེས་པར་བརྒྱུད་འཛིན་དང་དར་སྤེལ་གཏོང་དགོས།
ལྷག་པར་དུ་ཚན་རིག་པས་ཀླད་ཆེན་གྱི་ནུས་པ་ལས་ལོགས་སུ་གྱུར་པའི་བེམ་མིན་གསལ་རིག་གི་ཤེས་པ་ཞིག་ད་དུང་རྩད་མ་ཆོད་པར་འཚོལ་ཞིབ་ཀྱི་འགོ་འབུས་ཙམ་ཡིན་པའི་སྐབས་འདིར། འུ་ཚོས་ངེས་པར་རྣམ་དཔྱོད་རྩལ་དུ་བཏོན་ཏེ་ཚད་མའི་རྣམ་གཞག་དག་ཁོང་དུ་ཆུད་པར་བྱས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རེ་བཞིན་འཛམ་གླིང་ཧྲིལ་པོར་གང་ནུས་ཀྱིས་ཞབས་ཞུ་རེ་སྒྲུབ་ཨེ་ཐུབ་ལ་འབད་དགོས།

༄༅། །ཝར་ཎ་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན། འབུམ་རམས་པ་བཀྲ་ཤིས་ཚེ་རིང་མཆོག་གིས་ལོ་མང་རིང་སྙན་ངག་མེ་ལོང་ལ་ཞིབ་འཇུག་དང་། སྙན་ངག་མེ་ལོང་འཆད་འཁྲིད་གནང་བ། ལྷག་པར་ཁོང་གིས་འབུམ་རམས་པའི་ཆེད་རྩོམ་ཞིབ་འཇུག་ཀྱང་སྙན་ངག་མེ་ལོང་གི་སྐོར་ནས་བྲིས་ཤིང་། འདིར་ཡང་ཁོང་གི་སློབ་ཁྲིད་དང་། ཉམས་ཞིབ་ཀྱི་བརྒྱུད་རིམ་ནས་བྱུང་བའི་ཆེད་རྩོམ་སྐོར་ཞིག་ཕྱོགས་བསྡུས་ཀྱིས་དཔར་སྐྲུན་བྱེད་རྒྱུ་ཡིན་འདུག་པ་བཅས་ནི་རིག་གནས་ཀྱི་ལས་དོན་གཉེར་མཁན་ཡོངས་དང་། ལྷག་པར་བོད་ཀྱི་སྙན་ངག་གི་འཕེལ་རིམ་ལོ་རྒྱུས་ཀྱི་དོན་བཟང་གལ་ཆེན་ཞིག་ཏུ་མཐོང་། ཨ་འབྲུག་དཀོན་མཆོག (ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་རྩོམ་རིག་དགེ་རྒན་)

༄༅།  །ས་བཅད་བདུན་གྱི་བདག་ཉིད་ཅན་གྱི་ལོ་རྒྱུས་ཀྱི་དེབ་འདི་ནི་བཙན་བྱོལ་དང་བོད་ནང་གཉིས་ཀའི་ཉམས་མྱོང་གིས་གཏམས་པའི་དེབ་ཅིག་ཏུ་གྱུར་པར་མ་ཟད་ཞིང་འབྲོག་གི་ཤེས་བྱ་དང་།  ནང་ཆེན་ཡུལ་གྱི་གླུ་ཤགས་གཞན་གང་དུའང་མཐོང་དུ་མེད་པ་མང་པོ་ཞིག་འདི་ན་འདུག  ནང་ཆེན་ཨ་མའི་དཀའ་སྡུག་ཇི་ཙམ་མྱངས་ཀྱང་རང་གི་དྲན་ནུས་དང་རྩོམ་པ་པོའི་ཤེས་ཡོན་གྱི་ཆུ་ཚད་ཤིན་ཏུ་མཐོ་བས་ཀློག་པ་པོ་རྣམས་ལ་སྐྱེས་ཆེན་ཞིག་ཏུ་གྱུར་ཡོད།  གླུ་ཤགས་ཀྱི་བརྗོད་པ་ཁ་ཤས་ཡུལ་སྐད་མི་ཤེས་པ་རྣམས་ལ་ཅུང་གོ་བར་དཀའ་བར་གྱུར་ཀྱང་ཡུལ་མི་རང་ཉིད་ཀྱིས་མཇལ་ན་སྤྲོ་བ་འཕེལ་བར་གདོན་མི་ཟ། ནང་ཆེན་ཨ་མ་རང་ཉིད་ཀྱིས་དཀའ་སྡུག་ཇི་ཙམ་མྱངས་ནའང་ཆོས་ཀྱི་བསམ་བློའི་རྐྱེན་པས་གཞན་སུ་གང་ལའང་ཟུར་ཟ་དང་སྐྱོན་བརྗོད་མེད་པར་མ་ཟད་བོད་མིའི་སྒྲིག་འཛུགས་ལ་བྱས་ཤེས་དྲིན་གཟོ་གནང་མཁན་ཞིག་ཡིན་འདུག  དེབ་འདི་ནི་བཙན་བྱོལ་ནང་གི་མི་ཚེའི་ལོ་རྒྱུས་གཞན་དང་ཅུང་མི་འདྲ་བས་ཀློག་རིན་ཡོད་པ་ཞིག་ཏུ་མཇལ་ལོ།།

དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ལོ་འཁོར་གསར་འཕྲིན།

མི་འགྱུར་རིན་པོ་ཆེ་ནི་གནའ་རབས་ཆོས་བརྒྱུད་ཀྱི་ཞིང་ཁམས་དང་དེང་རབས་སྤྱི་ཚོགས་ཀྱི་འཇིག་རྟེན་གཉིས་ཀར་རྒྱུས་མངའ་ཆེ་བའི་བླ་མ་ཞིག་ཡིན་ལ། ཁོང་གི་གཏེར་སྒར་ཆོས་ཚོགས་ནི་རྒྱལ་སྤྱིའི་ཕྱོགས་ཀུན་ལ་གནས་པའི་སྒོམ་ཉམས་ལེན་གྱི་ཚོགས་སྡེ་ཞིག་དང་། དེའི་ཡན་ལག་གི་ཚོགས་སྡེ་རྣམས་ནི་འཛམ་གླིང་གི་ཡུལ་གྲུ་གང་སར་གྲོང་ཁྱེར་མང་པོའི་ནང་ཡོད། དྲ་ཐོག་ཏུ་ཡོད་པའི་རིན་པོ་ཆེའི་སྒོམ་ཁྲིད་དག་ལ་ལྟ་མཁན་ས་ཡ་མང་པོ་ཡོད་པ་དང་། དེ་ཡང་སྒོམ་ཁྲིད་ཚད་ལྡན་འདི་དག་ལ་འཇུག་པའི་ལམ་ཁ་སྟབས་བདེ་ཤོས་ཞིག་ཏུ་གྱུར། ཁོང་གི་གསུང་བཤད་དང་ལྗགས་རྩོམ་གྱིས་འཇིག་རྟེན་སྤྱི་ལ་ཤུགས་རྐྱེན་བླ་ན་མེད་པ་ཞིག་ཐེབས་ཡོད་ལ། ལྷག་པར་དུ་དེང་གི་སྤྱི་ཚོགས་ནང་ང་ཚོ་ལ་འཕྲད་པའི་དཀའ་སྡུག་གི་མུན་པ་སེལ་བ་ལ་རིན་པོ་ཆེ་ཁོང་གི་གསུང་ཆོས་ནི་འོད་ཀྱི་ཕུང་པོ་ཞིག་ཡིན་ལ། འཇིག་རྟེན་བཟང་ཕྱོགས་ལ་བསྒྱུར་བའི་ནུས་པ་རྒྱ་ཁྱབ་ཏུ་སྤེལ་ཐུབ་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཞིག་རེད། ཨ་རིའི་དབང་རྩའི་ཚན་རིག་པ་སྙན་གྲགས་ཅན་རི་ཆིར་ཌ་ཡིས་བྲིས། [ Richard J. Davidson ]

སེམས་ཉིད་སྐད་དང་ཡི་གེ་ལས་འདས་པ་ཞིག་ཡིན་མོད།  དེ་ཉིད་ཤེས་པ་བྱེད་པར་སྐད་དང་ཡི་གེ་ནས་འགོ་འཛུགས་དགོས་པ་ཞིག་རེད། མི་འགྱུར་རིན་པོ་ཆེའི་དེབ་འདི་ནི་ཤེས་རབ་ཀྱི་ལྡེ་མིག་ཅིག་དང་མཚུངས་པས་ངས་ལྷག་བསམ་ཟོལ་མེད་ཀྱིས་གྲོགས་པོ་རྣམས་ཀྱིས་ལྡེ་མིག་འདི་བླངས་ཏེ་རང་གི་སེམས་ཀྱི་བློ་སྒོ་འབྱེད་པར་རེ་སྐུལ་ཞུ།  འཁྲབ་སྟོན་གྲགས་ཅན། ལིས་ལེན་ཅེ་ནས། [ Jet Li ]